མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས

བདེ་སྐྱིད་འཚོ།    མཙོ་སྔོན་བོད་སྐད་རླུང་འཕྲིན།    2011-01-10

མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཚེས་དྲུག་ཉིན་ཟི་ལིང་ནས་ཚོགས། གྲོས་ཚོགས་ནས་ཉིས་སྟོང་བཅུ་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་ནོར་སྲིད་བྱ་བར་སྤྱི་བསྡོམས་བྱས་པ་དང་། ད་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ནོར་སྲིད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།
 ཀྲང་ཀོང་རོང་གིས་བཤད་རྒྱུར། ཉིས་སྟོང་བཅུ་ལོར་མཚོ་སྔོན་གྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཚན་རིག་ཞིབ་འཇུག་གིས་གནས་བབ་ལ་བརྡར་ཤ་གཅོད་པ་དང་། སྔ་མོ་ནས་བྱ་བའི་འཆར་གཞི་འཐེན་ཏེ། ཆེ་ཕྱོགས་ནས་མགོ་རྩོམ་པའི་བྱ་བ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་ལྟ་རྟོག ཁྱོན་ཡོངས་ཀྱི་བྱ་བར་ནུས་བ་ཡོད་ལ། ཕན་འབྲས་ཡོད་པའི་སྒོ་ནས་བསྒྲུབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་བཟང་ཏུ་གཏོང་བ་དང་འཆམ་མཐུན་ལ་ཡར་སྐུལ་གཏོང་བར་བྱས་རྗེས་འབུར་ཐོན་བཞག་ཟེར།
 ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ད་ལོར་རིམ་པ་སོ་སོའི་སྲིད་གཞུང་དང་ནོར་སྲིད་སྡེ་ཁག་གིས་ནན་ཏན་གྱིས་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ནས། ནོར་སྲིད་འགན་ནུས་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་སྤྱིའི་གྲངས་ཀ་ཇེ་མང་ཏུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་དགོས་ངེས་ཀྱི་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
 གཅིག་ནས་གཏན་ལ་ཕབ་པའི་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་བྱས་ནས། སྲིད་ཇུས་མ་ལག་འཐུས་ཚང་ཏུ་གཏོང་བ་དང་། ནོར་ཤུགས་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་པ། མ་དངུལ་གཏོང་བའི་བྱེད་ཐབས་གསར་སྐྲུན་བྱས་ནས། ཕན་འབྲས་ལྡན་པའི་སྒོ་ནས་མ་དངུལ་གཏོང་ཤུགས་ཇེ་མང་ཏུ་གཏོང་དགོས། གཉིས་ནས་ནན་ཏན་གྱིས་སྐོར་དང་པོའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས་ནས། སྲིད་ཇུས་ཀྱི་སྐུལ་འདེད་བྱ་བ་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་སྤྱི་པའི་ནོར་སྲིད་དངུལ་གཏོང་བྱ་བ་སྔར་ལས་ཇེ་ཆེར་གཏོང་དགོས་པའི་དུས་མཉམ་དུ། འཛུགས་སྐྲུན་ཚད་གཞིར་རྒྱབ་སྐྱོར་དང་སྲིད་གཞུང་རང་བཞིན་གྱི་དངུལ་གསོག་ཆ་རྐྱེན་རྒྱ་བསྐྱེད་དགོས། བཞི་ནས་མུ་མཐུད་དུ་ནོར་སྲིད་མ་དངུལ་གྱི་བཀོལ་སྤྱོད་བྱེད་ཐབས་ཇེ་བཟང་ཏུ་བཏང་ནས། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།
  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ནུས་ཤུགས་གང་ཡོད་བཏོན་ནས་གནོད་ཐེབས་རྗེ
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གཏིང་ཟབ་པོས་ཞིང་འབྲོག་དམངས་ཀྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།