ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ནུས་ཤུགས་གང་ཡོད་བཏོན་ནས་གནོད་ཐེབས་རྗེས་ཀྱི་ཚོང་རའི་སྒྲིག་ལམ་སླར་གསོ་བྱ་བ་ཇེ་མགྱོགས་སུ་གཏོང་བཞིན་ཡོད།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-10

 ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་གནོད་འཚེ་ཐེབས་པའི་རྗེས་ཀྱི་ཚོང་རའི་སྒྲིག་ལམ་སླར་གསོ་བྱེད་པ་དང་ལམ་འགྲམ་གྱི་ཚོང་རས་འགྲིམ་འགྲུལ་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཆེད། འབྲུག་ཆུ་རྫོང་གིས་སྔར་ཡོད་ཀྱི་གཙང་འགྲམ་སྲང་ལམ་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་རའི་ཞིག་གསོ་བྱ་བ་དེ་ཚོང་རའི་སྒྲིག་ལམ་སླར་གསོ་བྱེད་པའི་གནད་འགག་ཅིག་ཏུ་བརྩིས་ནས། གཙང་འགྲམ་སྲང་ལམ་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར་མྱུར་དུ་སླར་གསོ་དང་བསྒྱུར་སྐྲུན་བྱས། བསྒྱུར་སྐྲུན་ལས་གཞི་དེའི་ཐད་ལ་སྡོམ་པས་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་གཉིས་ལྷག་བཏང་ཞིང་། ཉོ་ཚོང་ཚོང་རའི་བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས། སྒེར་གཉེར་ཚོང་བ་ཉིས་བརྒྱ་ལྷག་ལ་ཚོང་ཁང་མེད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་ལ། ད་ལྟ། སྒེར་གཉེར་ཚོང་བ་བརྒྱ་དང་སུམ་ཅུ་ལྷག་གིས་ཚོང་གཉེར་བའི་བྱ་བ་སླར་གསོ་བྱས་ཤིང་། ཚོང་རའི་ནང་གི་སྔོ་ཚོད་དང་རྒྱུན་སྤྱོད་མཁོ་ཆས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པར་མ་ཟད། ལམ་འགྲམ་ཚོང་རས་འགྲིམ་འགྲུལ་ལ་ཉེན་ཁ་བཟོ་བཞིན་པའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ།
  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁངས་བབས་པ་དང་ཟི་ལིང་ས་ཁུལ་ལའང་ཚེས་དགུ་ཉིན་གྱི་ཕྱི་དྲོ་ནས་བཟུང་ཁངས་འབབ་
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས
  • དོ་སྣང་ཆེ་བའི་རྩོམ།