མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ནས་ཕལ་ཆེར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་ཟངས་ཆས་དུས་རབས་སྐབས་ཀྱི་ནོ་མུའུ་ཧོང་རིག་གནས་རྗེས་ཤུལ་རྙེད་པ།

གཡང་འབུམ་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-11

 སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་རིག་དངོས་ཁྱབ་བཤེར་བྱེད་པའི་ཁྲོད་དུ། གནའ་རྫས་རྟོག་ཞིབ་མི་སྣས་ཏུའུ་ལན་རྫོང་དུ་ཕལ་ཆེར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་ཟངས་ཆས་དུས་རབས་སྐབས་ཀྱི་ནོ་མུའུ་ཧོང་རིག་གནས་ཀྱི་རྗེས་ཤུལ་ཅིག་རྙེད། རྗེས་ཤུལ་དེའི་མིང་ལ་ཞ་ཨར་ཡ་མ་ཁི་པུའུ་རྗེས་ཤུལ་ཟེར་ཞིང་། ཏུའུ་ལིན་རྫོང་འབའ་ལུང་ཞང་ཧི་ཏུང་སྡེ་བའི་ནུབ་ཕྱོགས་ཀྱི་སྤྱི་ལེ་གསུམ་ལྷག་གི་ས་མཚམས་ནས་རྙེད་པ་དང་། རྗེས་ཤུལ་དེའི་ནུབ་བྱང་གི་རིང་ཚད་ལ་མུས་ཉིས་བརྒྱ་དང་ཤར་ནུབ་ཀྱི་རྒྱ་ཁྱོན་ལ་མུས་ལྔ་བཅུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད།

  • ལེ་ཚན་སྔོན་མ།: 2010ལོར་ནག་སོག་གིས་གཞུང་ལམ་སྤྱི་ལེ6500གསར་སྣོན་བྱས།
  • ལེ་ཚན་རྗེས་མ།: ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནང་ལྷ་སའི་མཁའ་རླངས་སྤུས་ཀ་བཟང་ཚད་བརྒྱ་ཆ98ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།