བོད་རང་སྐྱོང་ལྗོངས་ཉི་མ་རྫོང་དུ་ས་འགུལ་བྱུང་བ་ལས་མི་ལ་ཤི་རྨས་དང་ཁང་བ་བརྡིབས་པའི་དོན་རྐྱེན་བྱུང་མེད་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-31

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉི་མ་རྫོང་གི་རྫོང་དཔོན་ཀྲང་ཅུན་ལ་འབྲེལ་གཏུག་བྱས་པ་ལས་ཤེས་པའི་གནས་ཚུལ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་དུ། བོད་རང་སྐྱོང་ལྗོངས་ཉི་མ་རྫོང་དུ་ཚད་རིམ་ལྔ་ཅན་གྱི་ས་འགུལ་བྱུང་བ་ལས་མི་ལ་ཤི་རྨས་དང་ཁང་བ་བརྡིབས་པའི་དོན་རྐྱེན་བྱུང་མེད་ཟེར།
 མིག་སྔར། དམངས་སྲིད་སྡེ་ཁག་གིས་བྲེལ་འཚུབ་ཆེན་པོས་དགུན་ལྷམ་དང་། བལ་འཚང་ཅན་གྱི་སྟོད་ལྭ། སྦྲ་གུར། ཟས་རིགས་སོགས་རྒུབ་སྐྱོབ་དངོས་རྫས་ཉི་མ་རྫོང་དུ་སྐྱེལ་བཞིན་ཡོད།
  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་རྔ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་དཀའ་
  • ལེ་ཚན་རྗེས་མ།:རང་རེའི་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཐོབ་ཐང་ལག་ཁྱེར་གནང་བའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།