སི་ཁྲོན་ཞིང་ཆེན་རྔ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བའི་བྱ་བ་དམ་འཛིན་བྱས་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-31

 སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བའི་བྱ་བ་བཟང་པོར་སྒྲུབ་པ་དེ་དེང་སྐབས་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ་སྔ་མོ་ནས་དམ་འཛིན་བྱས། གཅིག་ནས་གཟི་ཚ་སྡེ་དགུ་རྫོང་གིས་དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བའི་བྱ་བ་བཟང་པོར་སྒྲུབ་སྟེ། སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་ཇེ་མཐོར་བཏང་སྟེ། གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བའི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། གཉིས་ནས་ཞང་དང་གྲོང་བརྡལ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བ་དང་། དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་པོར་སྒྲུབ། གསུམ་ནས་དགུན་ཁར་མཁོ་བའི་དངོས་རྫས་གསོག་འཇོག་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་དགུན་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱས།

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་ལྔ་བ་བསྡུས
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཉི་མ་རྫོང་དུ་ས་འགུལ་བྱུང་བ་ལས་མི་ལ་ཤི་རྨས་དང་ཁང་བ་བརྡིབས་པའི་དོན་རྐྱེན་བྱུང་མེད་པ
  • དོ་སྣང་ཆེ་བའི་རྩོམ།