ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་ལྔ་བ་བསྡུས

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-30

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་ལྔ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། མ་འོངས་པའི་ལོ་ལྔའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། དམིགས་འབེན་གཙོ་བོ། ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་བཏོན་ཡོད་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བསམ་བློ་དང་འགུལ་སྐྱོད་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་བཟང་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
 རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བང་དབྱི་མེན་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་གྲངས་དང་ངལ་རྩོལ་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚའེ་ཧྥང་གཉིས་ཀྱིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་གླེང་།
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཁོ་ཚོའི་འགྲེལ་བཤད་ལ་ནན་གྱིས་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་སྐོར་ནས་གྲོས་སྡུར་བྱས།
  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་རྔ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་དཀའ་
  • དོ་སྣང་ཆེ་བའི་རྩོམ།