རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་དུས་རིམ་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུའི་ཐག་བཅད་པ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-30

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་དུས་རིམ་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུའི་ཐག་བཅད།
 ཚོགས་ཐོག་ནས་ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་དུས་རིམ་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། གསར་དུ་བྱུང་བའི་རང་བྱུང་ནགས་ཀྱི་རྒྱ་ཁྱོན་མུའུ་བྱེ་བ་བདུན་དང་ས་ཡ་བརྒྱད་ལ་བསླེབ་ཏུ་འཇུག་རྒྱུའི་ཐག་བཅད་པ་དང་། དེའི་བྱེད་ཐབས་གཙོ་བོ་ནི། གཅིག ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆར་གཏོང་བ། གཉིས། ནགས་ཚལ་ཐོན་ཁུངས་རྒྱ་བསྐྱེད་ཤུགས་ཇེ་ཆེར་གཏོང་བ། གསུམ། ནགས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་ཆེན་པོ་བྱེད་པ་བཅས་ཡིན་ཞེས་བསྟན།
  • ལེ་ཚན་སྔོན་མ།:ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ་ཚན་རྩལ་རོགས་སྐྱོར་མ་དངུལ་སྒོར་མོ་བྱེ་བ་བཞི་དང་
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་ལྔ་བ་བསྡུས
  • དོ་སྣང་ཆེ་བའི་རྩོམ།