ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ་ཚན་རྩལ་རོགས་སྐྱོར་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་གཅིག་ཁྲི་དྲུག་ཐོབ་པ།་

བདེ་སྐྱིད་འཚོ།        2010-12-27

ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དང་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པའི་མཁར་གྲོང་གཞི་གཅིག་ཅན་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་དམིགས་ནས། ཚན་རྩལ་ལས་གཞི་ཡར་ཞུ་བྱེད་པ་གཙོ་བོར་འཛིན་པ་དང་། ཚན་རྩལ་ལས་གཞིའི་དོ་དམ་བྱ་བ་དང་། ཡར་ཞུ་བྱ་བར་ཤུགས་བསྣན་པས། ཚན་རྩལ་ལས་གཞི་བྱ་བ་དེ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་ནས། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་ཚན་རྩལ་གྱི་རྒྱབ་སྐྱོར་ཐོབ།
 ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་བསྡོམས་པས་ཚན་རྩལ་འཆར་གཞིའི་ལས་གཞི་གྱ་གསུམ་བརྩོན་ལེན་དང་བཀོད་སྒྲིག་བྱས་ནས། རོགས་སྐྱོར་གྲོན་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་གཅིག་ཁྲི་དྲུག་ཐོབ། དེའི་ནང་དུ་ཚན་རྩལ་པུའུ་ཡིས་ཆོག་མཆན་བཀོད་པའི་ལས་གཞི་བརྒྱད་ཡོད་པ་དང་། རོགས་སྐྱོར་གྲོན་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་ཐོབ་པ་དང་། ཞིང་ཆེན་རིམ་པའི་ཚན་རྩལ་ལས་གཞི་ཞེ་བཞི་ཡོད་པ་དང་། རོགས་སྐྱོར་གྲོན་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བདུན་ཁྲི་བཞི་ཐོབ་པ་དང་། ཁུལ་ཡོངས་ཀྱིས་ཚན་རྩལ་ལས་གཞི་སོ་གཅིག་བཀོད་སྒྲིག་བྱས་ནས་རོགས་སྐྱོར་གྲོན་དངུལ་སྒོར་མོ་ས་ཡ་བརྒྱད་བཀོད་སྒྲིག་བྱས།
  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱ
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི
  • དོ་སྣང་ཆེ་བའི་རྩོམ།