སི་པན་ཆུང་ཆུང་དེ་ཐོན་ལས་ཆེན་པོར་གྱུར།

        2014-06-23

ཉེ་བའི་ལོ་ཤས་རིང་ཅི་ལིན་ཞིང་ཆེན་ཐའོ་ནན་གྲོང་ཁྱེར་གྱིས་ཁྱད་དུ་འཕགས་པའི་གནམ་གཤིས་དང་ས་ཁམས་ཀྱི་དགེ་མཚན་ལ་བརྟེན་ནས་ཞིང་ལས་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་དང་ཐོན་ལས་ཅན་གྱི་བདག་གཉེར་མ་དཔེ་འཛུགས་པ་དང་འཐུས་ཚང་དུ་བཏང་བར་བརྒྱུད་དེ་ཡུལ་བབ་དང་བསྟུན་ནས་སི་པན་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
     གསར་འགོད་པས་ཐའོ་ནན་གྲོང་ཁྱེར་ཞིང་ལས་ཅུས་ནས་ཤེས་རྟོགས་བྱུང་རྒྱུར། མིག་སྔར་ཐའོ་ནན་གྲོང་ཁྱེར་གྱིས་སི་པན་ཆེད་ལས་མཉམ་ལས་ཁང56བཙུགས་ཤིང་།ཆེད་ལས་མཉམ་ལས་ཁང་དང་། གནས་གཞི།ཞིང་དུད། ཉོ་ཚོང་བྱེད་ས་བཅས་མཉམ་འབྲེལ་བྱས་པའི་རྣམ་པ་གསར་པའི་གཅིག་འགྱུར་ཅན་གྱི་ཐོན་ལས་དོ་དམ་བྱས་པར་བརྒྱུད་ནས་སི་པན་འདེབས་འཛུགས་བྱེད་པའི་ཞིང་པའི་དུད་ཚང་ཁྲི3.5ཆེད་ལས་མཉམ་ལས་ཁང་དུ་འགུགས་པ་དང་སི་པན་ཐོན་སྐྱེད་བྱེད་པར་སྣེ་ཁྲིད་བྱས་ཡོད། དེའི་ནང་བརྒྱ་ཆ80ཡན་གྱི་ཞིང་དུད་ཀྱིས་ཚོང་ཟོག་མངག་ཐོ་ལྟར་ཐོན་སྐྱེད་བྱེད་པ་རེད། མིག་སྔར། ཐའོ་ནན་གྲོང་ཁྱེར་གྱིས་ཚོང་འགྲུལ་པ1200ལྷག་དང་ཚོང་ཟོག་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ཐོན་རྫས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ལྗོངས20ལྷག་དང་ལྗར་པན། གོ་རེ་ཡ། ཁྲའོ་ཞན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་འཚོང་བཞིན་ཡོད། ལོ་གཅིག་ལ་ཉོ་ཚོང་བྱེད་ཚད་ཏུན་ཁྲི5ལ་ཟིན་ཞིང་ཉོ་ཚོང་བྱས་པའི་སྒོར་དུང་ཕྱུར5ལ་ཟིན་པ་རེད། 
  • ལེ་ཚན་སྔོན་མ།:ལི་ཁེ་ཆང་ལོན་ཏོན་ལ་ཕེབས་ཏེ་དབྱིན་ཇིར་དངོས་སུ་འཚམས་འདྲི་ཞུ།
  • ལེ་ཚན་རྗེས་མ།:གློག་མེད་པའི་འབྲོག་པའི་ཁྱིམ་ཚང7000ཡིས་ཁྱིམ་སྤྱོད་འོད་ཤུགས་གློག་སྤྱོད་རྒྱུ་ལོན།
  • དོ་སྣང་ཆེ་བའི་རྩོམ།