ཚྭ་འདམ་གཞུང་སའི་བྱེ་ཐང་ཁུལ་དུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གློག་མེད་པའི་འབྲོག་པའི་ཁྱིམ་ཚང7000ལྷག་གིས་ཁྱིམ་སྤྱོད་འོད་ཤུགས་གློག་ཁུངས་སྤྱོད་རྒྱུ་ལོན་པས་མུན་ནག་གི་འཚོ་བ་ལས་བྲལ་བ་རེད། ཀྲུང་གོའི་འབྲི་ཆུ་འགག་གསུམ་གྱི་ནུས་ཁུངས་གསར་པའི་སྤྱི་གཉེར་ཁང་གིས་ཟླ་བ6པའི་ཟླ་མཇུག་ཏུ་ཁུལ་ཡོངས་ཀྱི་གློག་མེད་པའི་འབྲོག་པའི་ཁྱིམ་ཚང་ལ་གློག་ཝ340ཡོད་པའི་ཁྱིམ་སྤྱོད་འོད་ཤུགས་གློག་འདོན་མ་ལག་ཆ་ཚང7152སྒྲིག་སྦྱོར་བྱས་པས་མི་ཁྲི2ལྷག་ལ་གློག་མེད་པའི་གནད་དོན་ཐག་བཅད་པ་རེད། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ཁྱོན་ཡོངས་ནས་གློག་སྤྱོད་རྒྱུ་མེད་པའི་མི་འབོར་གྱིས་གློག་སྤྱོད་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི་ལ་གཞིགས་ན། 2013ལོ་ནས2015ལོའི་བར། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར50ལྷག་བཏང་ནས་གློག་དྲ་སྲིང་བ་དང་འོད་ཤུགས་ཁེར་རྐྱང་གིས་གློག་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་གློག་མེད་པའི་མི་ཁྲི47གྱི་གློག་སྤྱོད་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།