ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ཀྱི་དྲ་བ། 2012-05-30
བཀྲ་ཤིས་ལྷུན་པོ་དགོན་པའི་ཟུར་ཞིག
བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། བཀྲ་ཤིས་ལྷུན་པོ་དགོན་པས་པན་ཆེན་སྐུ་ཕྲེང་རང་བྱོན་རྣམ་པས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཆོས་གཞུང་རྒྱུན་འཛིན་བྱས་པའི་རྨང་གཞི་སྟེང་ཐུན་མོང་མ་ཡིན་པའི“རང་ཁ་རང་གསོ ”ཡི་བགྲོད་ལམ་ཞིག་སྙེགས་འགོ་བརྩམས་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པས་བོད་ལྗོངས་ཀྱི་དགོན་གཉེར་ཁེ་ལས་དང་པོ་སྟེ་གངས་ཅན་ས་གདན་བཟོ་གྲྭ་གསར་སྐྲུན་བྱས། ད་ལྟ་བཀྲ་ཤིས་ལྷུན་པོ་དགོན་པ་རུ་ཚོང་ཁང་དང་། གསོལ་ཁང་། བོད་སྤོས་ཐོན་སྐྱེད། ལྡེབས་རིས་འབྲི་བཞེངས། ཕྱུགས་ལས་གསོ་སྤེལ་སོགས་ཚོང་གཉེར་རྣམ་གྲངས་སྣ་འཛོམས་ཡིན་པའི་དགོན་སྡེ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བཀྲ་ཤིས་ལྷུན་པོ་དགོན་པ་ད་དུང་རྒྱལ་ཁབ་རིམ་པའི4Aརིམ་པའི་གནས་སྐོར་ཡུལ་ལྗོངས་ཁུལ་དུ་བདམས་པ་དང་། ཉིན་རེར་འཛམ་གླིང་ས་སོའི་གནས་སྐོར་བ་སྣེ་ལེན་བྱེད་ཀྱིན་ཡོད། །
བཀྲ་ཤིས་ལྷུན་པོ་དགོན་པའི་ཟུར་ཞིག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10