ཀྲུང་གོའི་བོད་ལྗོངས་དྲ་བ། 2012-05-30
ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ་དང་། དུས་ཡུན་རིང་པོའི་ནང་ཏང་དང་མཉམ་དུ་ལས་དོན་ཁག་མཉམ་ལས་བྱེད་མཁན་གྱི་རྒྱལ་གཅེས་རིང་ལུགས་པ། དེ་སྔ་བོད་ཀྱི་བུད་མེད་ལས་དོན་གྱི་གསར་གཏོད་པ། འགོ་ཁྲིད་མཁན། སྐབས་བཞི་པ་དང་། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱལ་ཡོངས་བུད་མཉམ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ང་ཕོད་ངག་དབང་འཇིགས་མེད་ཀྱི་བཟའ་ཟླ་ང་ཕོད་ཚེ་བརྟན་སྒྲོལ་དཀར་སྙུང་གཞིའི་རྐྱེན་གྱིས་སྤྱི་ལོ2012ལོའི་ཟླ5པའི་ཚེས14ཉིན་གྱི་ཆུ་ཚོད19དང་སྐར་མ24ཡི་སྟེང་པེ་ཅིང་དུ་སྐུ་གཤེགས་པ་རེད། དགུང་ལོ97བར་འཚོ་གཞེས་གནངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10