བོད་ལྗོངས་གཞིས་ཀ་རྩེ་ཡིས་བྱེད་ཐབས་ཆེན་པོ་དྲུག་སྤྱད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱས་ནས་ལས་ཞུགས་ཀྱི་རྣམ་པ་གསར་བ་བསྐྲུན་པ།

ཕྱུག་ལོ།        2010-12-27

ད་ལོར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། བྱེད་ཐབས་ཆེན་པོ་དྲུག་སྤྱད་ནས་ལས་ཞུགས་ཀྱི་རྣམ་པ་གསར་བ་བསྐྲུན། ཚོད་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་མཁར་གྲོང་ནས་གསར་དུ་ལས་ཀར་ཞུགས་པའི་མི་སྟོང་གསུམ་དང་སུམ་བརྒྱ་ང་གསུམ་ལ་འབུད་ཐུབ་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་ཏུ་ཚོད་འཛིན་བྱེད་ཐུབ་ལ། ངལ་རྩོལ་པ་ཞོར་ལས་ལ་འགྲོ་ཚད་མི་ཐེངས་འབུམ་གསུམ་དང་ཁྲི་ལྔ་དང་སྟོང་དགུ་ལ་འབུད་ཐུབ་པ་དང་། ཞོར་ལས་ཀྱི་ཡོང་སྒོ་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་དྲུག་ལ་འབུད་ངེས།
 བྱེད་ཐབས་ཆེན་པོ་དྲུག་ནི། ངལ་རྩོལ་པ་ཞོར་ལས་ལ་མངགས་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་ལས་ཞུགས་ལ་ཡར་སྐུལ་བྱས་པ་དང་། ནུས་རྩལ་གསོ་སྦྱོང་སྤེལ་ནས་ལས་ཞུགས་ཀྱི་ཚད་ཇེ་མཐོར་བཏང་བ། ལས་རིགས་མཚམས་སྦྱོར་བྱས་ཏེ་ལས་ཞུགས་ལ་རོགས་རམ་བྱས་པ། ལས་རིགས་ནུས་རྩལ་དཔྱད་ཞིབ་བྱས་ཏེ་ལས་ཞུགས་ལ་འགན་སྲུང་བྱས་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཞབས་འདེགས་བཟང་པོ་ཞུས་ཏེ་ལས་ཀ་མཚམས་སྦྱོར་བྱས་པ། ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་རོགས་སྐྱོར་སྲིད་ཇུས་དངོས་འབེབ་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་བཏང་བ་བཅས་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱས་ཚད་ལོ་རྒྱུས་ཐོག་ཆེས་མཐོ་བའི་ཚད་དུ་བསླེབས་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱ
  • དོ་སྣང་ཆེ་བའི་རྩོམ།