བོད་ལྗོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱས་ཚད་ལོ་རྒྱུས་ཐོག་ཆེས་མཐོ་བའི་ཚད་དུ་བསླེབས་པ།

ཚེ་རིང་སྒྲོལ་མ།        2010-12-27

ཉེ་ལམ། གསར་འགོད་པས་ཉིང་ཁྲི་ས་ཁུལ་ན་བསྡུ་བཞིན་པའི་བོད་ལྗོངས་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ཤེས་པའི་གནས་ཚུལ་ལྟར་ན། འཛམ་གླིང་གི་ཡང་རྩེ། ཁྱད་མཚར་བའི་བོད་ལྗོངས་ཞེས་པ་བརྗོད་བྱ་ཡིན་པའི་གནས་སྐོར་མིང་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས། ད་ལོར་བོད་རང་སྐྱོང་ལྗོངས་ཀྱིས་གནས་སྐོར་བ་ས་ཡ་དྲུག་ལྷག་སྣེ་ལེན་བྱས་པ་དང་། སྔོན་དཔག་བྱས་ན་མི་ས་ཡ་དྲུག་དང་འབུམ་བརྒྱད་ཁྲི་གཉིས་ལ་བསླེབ་ཐུབ་ལ། དེ་ན་ནིང་ལས་བརྒྱ་ཆའི་ཉེར་གཅིག་གྲངས་ཆུང་དྲུག་འཕར་ཐུབ་པ་དང་། གནས་སྐོར་བ་སྣེ་ལེན་བྱེད་ཚད་ལོ་རྒྱུས་ཐོག་ཆེས་མང་པོའི་ཚད་དུ་བསླེབས།  ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་། ནུས་ཁུངས་སོགས་གནས་སྐོར་སྒྲིག་ཆས་མུ་མཐུད་དུ་ལེགས་བཅོས་བྱས་པ་དང་། ལྷག་པར་དུ་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་རྗེས། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བར་མ་ཟད། བོད་ལྗོངས་ཀྱིས་ད་རུང་སི་ཁྲོན་དང་། མཚོ་སྔོན། ཡུན་ནན་སོགས་ཞིང་ཆེན་དུ་གནས་སྐོར་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ལ། བལ་བོ་དང་གནས་སྐོར་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཀོད་དེ། གནས་སྐོར་ཁྱབ་ཁོངས་ཀྱི་མཐུན་སྦྱོར་བྱ་བར་མུ་མཐུད་དུ་ཤུགས་བསྣན།
 བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཤད་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནས་སྐོར་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དང་། གནས་སྐོར་ཞབས་ཞུའི་སྤུས་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་སྟེ། ལོ་ཧྲིལ་བོའི་ཡོང་སྒོ་སྒོར་མོ་དུང་ཕྱུར་དྲུག་ཅུ་རེ་དགུ་ལ་བསླེབ་ཐུབ་པ་དང་། དེ་ན་ནིང་ལས་བརྒྱ་ཆའི་སུམ་ཅུ་སོ་གཉིས་འཕར་ཐུབ་ཟེར།
 ཉིས་སྟོང་བཅུ་གཅིག་ལོར་བོད་ལྗོངས་ཀྱིས་རྒྱལ་ནང་གི་གནས་སྐོར་པ་ས་ཡ་བདུན་དང་འབུམ་ལྔ་ལྷག་སྣེ་ལེན་བྱེད་པར་འབད་བརྩོན་བྱས་ཏེ། གནས་སྐོར་ཡོང་སྒོ་སྒོར་མོ་དུང་ཕྱུར་དོན་དྲུག་ལ་བསླེབ་པར་འབད་པ་བྱེད་རྒྱུ་རེད།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2011ལོའི་དབུལ་ཕོངས་ལས་བཟོ་ལ་བདེ་དྲོད་སྐྱེལ་བའི་བྱེད་སྒོ་སྤེལ་འགོ་ཚུག
  • ལེ་ཚན་རྗེས་མ།:བོད་ལྗོངས་གཞིས་ཀ་རྩེ་ཡིས་བྱེད་ཐབས་ཆེན་པོ་དྲུག་སྤྱད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱས་ནས་ལས་ཞུགས་ཀྱི
  • དོ་སྣང་ཆེ་བའི་རྩོམ།