རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2011ལོའི་དབུལ་ཕོངས་ལས་བཟོ་ལ་བདེ་དྲོད་སྐྱེལ་བའི་བྱེད་སྒོ་སྤེལ་འགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2010-12-27

 2010ལོའི་ཟླ་བ12པའི་ཚེས21ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2011ལོའི་དབུལ་ཕོངས་ལས་བཟོར་བདེ་དྲོད་སྐྱེལ་བའི་བྱེད་སྒོ་དེ་པེ་ཅིན་དུ་སྤེལ་འགོ་ཚུགས།བྱེད་སྒོ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས།གྲོང་ཁྱེར་བཅས31ལ་དུས་མཚུངས་སུ་སྤེལ་ཞིང་།བྱེད་སྒོའི་ནང་ལིང་གྲིབ་ཕོག་པའི་ནད་པ་བརྒྱ་ལྷག་ལ་རིན་མི་དགོས་པས་བཤགས་བཅོས་བྱ་རྒྱུ་དང་མཁལ་ནུས་ཉམས་པའི་ནད་པར་རོགས་སྐྱོབ་བྱ་རྒྱུ།ཁོར་ཡུག་གཙང་སྦྲ་ལས་རིགས་ཀྱི་ལས་གནས་ཨང་དང་པོའི་ལས་བཟོ་སྟོང་ལྷག་ཙམ་ལ་རིན་མི་དགོས་པས་ལུས་པོར་ཞིབ་བཤེར་བྱ་རྒྱུ་སོགས་བྱེད་སྒོ་སྣ་མང་འདུས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།2011ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་ནང་རྒྱལ་ཡོངས་བཟོ་ཚོགས་ཀྱིས་གཅེས་སེམས་ལས་བཟོར་འཁོར་བ་དང་བདེ་དྲོད་དུད་ཚང་ཁྲི་ལ་སྐྱེལ་བ་ཞེས་པའི་བྱེད་སྒོ་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུས་བོད་ཁུལ་ལས་ཀའི་སྲིད་ཇུས་དོན་འཁྱོལ་ལྟ་སྐུལ་ཞིབ་བཤེར་ལས་ཀའི་མཉམ་འབྲེལ་གྲོས་འདུ་འཚོགས་ན
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱས་ཚད་ལོ་རྒྱུས་ཐོག་ཆེས་མཐོ་བའི་ཚད་དུ་བསླེབས་པ།
  • དོ་སྣང་ཆེ་བའི་རྩོམ།