ཞིང་ཆེན་ཏང་ཨུས་བོད་ཁུལ་ལས་ཀའི་སྲིད་ཇུས་དོན་འཁྱོལ་ལྟ་སྐུལ་ཞིབ་བཤེར་ལས་ཀའི་མཉམ་འབྲེལ་གྲོས་འདུ་འཚོགས་ན

སྒྲོལ་མ་ཚེ་མཚོས་བསྒྱུར།        2010-12-27

   ལྟ་སྐུལ་ཞིབ་བཤེར་ལ་བརྟེན་ནས་བོད་ཁུལ་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་དགོས་ཞེས་བཏོན།
     ཟླ་བ12པའི་ཚེས16ཉིན།རང་རེའི་བོད་ཁུལ་གྱི་ལས་ཀའི་སྲིད་ཇུས་དོན་འཁྱོལ་ལྟ་སྐུལ་ལས་ཀའི་མཉམ་འབྲེལ་ཚོགས་འདུ་ཁྲི་འདུ་རུ་འཚོགས།གྲོས་ཚོགས་ཐོག་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཞིབ་དཔྱོད་པུའུ་ཡིས་ཀྲུང་དབྱང་གི་བོད་ལྗོངས་དང་ཞིན་ཅང་གི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་གི་ཐབས་ཇུས་བཀོད་སྒྲིག་བྱེད་ཚུལ་ལྟ་སྐུལ་ཞིབ་བཤེར་ལས་ཀའི་སྐོར་གྱི་མཉམ་འབྲེལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་ལག་བསྟར་བྱས།སྔོན་གྱི་དུས་རིམ་ཞིག་གི་ལས་ཀ་ལ་ཕྱིར་མིག་བལྟས་པ་དང་ཕྱོགས་སྡོམ་བྱས།རང་རེའི་ཞིང་ཆེན་གྱི་བོད་ཁུལ་ལས་ཀའི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་གནང་བ།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཁྲུང་ཞི།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གུ་རུ་ཚེ་འཁོར་གྲོས་ཚོགས་ནང་ཞུགས་པ་རེད།
    
     །
     གྲོས་ཚོགས་ཐོག་མིག་སྔར་དང་ཕྱིན་ཆད་ཀྱི་དུས་རིམ་སྐབས་ཤིག་ནི་རང་རེའི་ཞིང་ཆེན་གྱི་བོད་ཁུལ་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་གནས་དམ་པོར་འཛིན་པ་དང་གལ་འགངས་ཆེ་བའི་རྣམ་གྲངས་ལག་བསྟར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།ཞིབ་བཤེར་བྱེད་ཚད་མགྱོ གས་སུ་གཏོང་བ་དང་།མྱུར་ཚད་དང་མ་དངུལ།ཁོར་ཡུག སྤུས་ཀ་བཅས་ཞིབ་བཤེར་བྱས་ནས་དཔལ་འབྱོར་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།གལ་འགངས་ཆེ་བའི་དམངས་འཚོ་ལས་གྲྭ་ལག་བསྟར་བྱ་རྒྱུ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།དམངས་འཚོ་ལས་གྲྭ་རེ་རེ་བཞིན་ལ་ཆེད་དུ་འཆར་གཞི་གཏན་འབེབས་ དང་།གཙོ་གནད་གསལ་པོ །རྗེས་དེད་ཞིབ་བཤེར་བཅས་བྱས་ནས་བོད་ཁུལ་མང་ཚོགས་ཚོར་ཕན་པ་མགྱོ གས་པ་ཐོབ་བཅུག་དགོས།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས།སྒྲིག་ཁྲིམས་ནན་སྲུང་ལེགས་བཅོས་ཀྱི་སྤྱོད་ཚུལ་ལ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་བོད་ཁུལ་བརྟན་བརླིང་དང་བོད་ཁུལ་དར་སྤེལ་གཏོང་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་པ་རེད།།
    
བརྒྱད་ཟིལ་རྫོང་གིས་འགན་ལེན་དངུལ་བུན་ཉུང་གྲས་སྒོར་ཁྲི40 གཏོང་སྤྲོད་བྱས
     ཉེ་ཆར།བརྒྱད་ཟིལ་རྫོང་མི་དོན་ངལ་རྩོལ་འགན་ལེན་ཅུས་ཀྱིས་འགན་ལེན་དངུལ་བུན་ཉུང་གྲས་གཏོང་སྤྲོད་བྱ་ཡུལ་མི་8ལ་དངུལ་བུན་སྒོར་ཁྲི40སྤྲད་པ་རེད།
     འགན་ལེན་གྱི་དངུལ་བུན་ཉུང་གྲས་ཀྱི་ལས་ཀ་ནི་ཞིང་ཆེན་སྲིད་གཞུང་གི་དམངས་འཚོ་ལས་གྲྭའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། ད་ལོ་ནི་ཁུལ་ཡོངས་སུ་དངུལ་བུམ་ཉུང་གྲས་འགན་ལེན་བྱེད་པའི་ལས་ཀ་སྤེལ་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། དངུལ་བུན་ཉུས་གྲས་འགན་ལེན་བྱེད་པའི་ལས་ཀ་དེ་དོན་འཁྱོལ་མགྱོ གས་མྱུར་བྱེད་ཆེད། ཅུས་དེས་དེར་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་དང་འབྲེལ་བ་བྱས་པ་དང་འགན་ལེན་དངུལ་བུན་ཉུས་གྲས་ཀྱི་ལས་ཀའི་ལས་སྒྲུབ་ཚོ་ཆུང་བཙུགས་ནས་རྫོང་ཡོངས་ཀྱི་འགན་ལེན་དངུལ་བུན་ཉུང་གྲས་ཀྱི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱས་པ་རེད།
     དུས་ཚོད་ཐུང་ལ་ལས་འགན་ལྗིད་པ་དང་།ལས་ཀ་སྒྲུབ་སྟངས་དཔེ་ལྟ་ས་མེད་པ་སོགས་ཀྱི་གནས་ཚུལ་འོག ཅུས་དེས་ནོར་སྲིད་དང་། ཞིང་ལས་དངུལ་ཁང་། ཡིད་རྟོན་མཉམ་ལས་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་བ་ཐེངས་མང་བྱས་པ་དང་། འགན་ལེན་དངུལ་བུན་ཉུང་གྲས་གཏོང་སྤྲོད་བྱེད་པའི་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་འཚོགས་པ།མཐར་ནོར་སྲིད་དང་ཡིད་རྟོན་མཉམ་ལས་ཁང་དང་གྲོས་མཐུན་བཞག་ནས་ཅུས་དེས་གཏན་འབེབས་ལྟར་སྐྱིན་དངུལ་ཉུང་ཤོས་གཡར་མཁན་གྱི་ཡིག་ཆ་འཚོལ་སྡུད་དང་ཞུ་དག་དང་པོ་དང་། ནོར་སྲིད་ཅུས་ཀྱིས་ཞིབ་དཔྱད་དང་ཡིད་རྟོན་མཉམ་ལས་ཁང་གིས་དངུལ་བུན་གཏོང་སྤྲོད་བྱ་རྒྱུ་འགན་ལེན་བཅས་བྱས་པ་རེད། རང་མོས་དང་།དམངས་གཙོ།དྲངགཞག་བཅས་ཀྱི་རྨང་གཞིའི་ཐོག་ཅུས་དེས་འགན་ལེན་དངུལ་བུན་ཉུས་ཤོས་སྤྲོད་ཡུལ་མི་8གཏན་ཁེལ་བྱས་པ་དང་དངུལ་བུན་ཁྱོན་བསྡོམས་སྒོར་ཁྲི40བཏང་། མིག་སྔར་རྫོང་ཡིད་རྟོན་མཉམ་ལས་ཁང་གིས་དངུལ་བུན་གྱི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ད་ལོའི་རང་རྒྱལ་གྱི་ཞིང་པའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2011ལོའི་དབུལ་ཕོངས་ལས་བཟོ་ལ་བདེ་དྲོད་སྐྱེལ་བའི་བྱེད་སྒོ་སྤེལ་འགོ་ཚུག
  • དོ་སྣང་ཆེ་བའི་རྩོམ།