བདེ་ཆེན་ཁུལ་གྱི་ཁྱད་ལྡན་རིག་གནས་ཐོན་རྫས500ལྷག་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སུ་མངོན་པ།

        2014-08-25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། གསར་འབྱེད་ཡུན་ནན2014ལོའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་དེ་ཁུན་མིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པ་རེད། རང་ཁུལ་གྱིས་ཁེ་ལས10རྩ་འཛུགས་བྱས་ནས། རིགས་སྣ10ཡི་ཐོན་རྫས500ལྷག་འགྲེམ་སྟོན་དུ་ཞུགས་ཡོད། འདིའི་ཁྲོད་དུ། ཉི་ཤར་གྱི་རྫ་ནག་དང་གསར་འབྱེད་ཤིང་བརྐོས་མ། ཐང་ཀ སྟོན་པའི་ལག་རྔ་སོགས་ལ་རྒྱ་ཆེ་བའི་ཡུལ་སྐོར་བ་དང་ཚོང་པའི་དགའ་བསུ་ཐོབ་པ་རེད། འགྲེམ་སྟོན་གྱི་སྐབས་སུ། རང་ཁུལ་གྱི་འགྲེམ་སྟོན་ཁང་གིས་ཁྱོན་བསྡོམས་ཡུལ་སྐོར་བ་དང་ཚོང་པ་མི་ཁྲི2ལྷག་བསུས་པ་དང་། ཁེ་ལས་ཀྱི་མིང་བྱང་དང་ཚོང་འགུགས་དཔྱད་ཡིག10000ལྷག་འགྲེམ་ཡོད་ལ། བྲིན་ཚོང་ཡོང་འབབ་ཁྲི10ལྷག་ཟིན་པ་རེད།

བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་འགྲེམ་སྟོན་ཁང་5པ་ནས་སེམས་ཀྱི་ཉི་ཟླའི་འགྲེམ་སྟོན་ཁང་བཙུགས་པ་དང་། འགྲེམ་སྟོན་ཁང་དེ་བོད་ཀྱི་རིག་གནས་ཀྱིས་གཙོ་བྱས་ཡོད་ལ། ཁྱོན་བསྡོམས་འགྲེམ་སྟེགས10བཙུགས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ནི་ཡུན་ནན་ཞིང་ཆེན་རིག་གནས་ཐོན་ལས་གཞུང་སྒྲུབ་ཁང་དང་ཞིང་ཆེན་རིག་གནས་ཐིང་། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཁང་། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས། ཁུན་མིང་གྲོང་ཁྱེར་སྲིད་གཞུང་དང་ཡུན་ནན་འཛམ་གླིང་དངོས་མང་སྟོན་ཚོགས་ཡུལ་སྐོར་མ་རྐང་ཚོད་འཛིན་ཚོགས་ཁག་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་དུ་སྒྲུབ་པ་ཡིན་ལ། “རིག་གནས་ལ་བརྟེན་ནས་འབྱོར་ཕྱུག་བསྐྲུན་པ་དང་། གསར་འབྱེད་ལ་བརྟེན་ནས་མ་འོངས་པ་འདྲེན་པ”ཡིས་བརྗོད་བྱ་བྱས་པ་རེད། རྒྱལ་ཁབ13དང་རྒྱལ་ནང་གི་ཞིང་ཆེན་སོ་སོ་དང་གྲོང་ཁྱེར་སོ་སོ་ནས་ཡོང་བའི་ཁེ་ལས་དང་ཚོང་པ་སྟོང་ཕྲག་ཙམ་འགྲེམ་སྟོན་ལ་ཞུགས་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་འགྲེམ་སྟོན་ཁང་7བཙུགས་ཡོད་ལ། འགྲེམ་སྟོན་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི6ཟིན་པ་དང་། འདིའི་ཁོངས་སུ་གཡང་ཊིའི་བརྐོས་རྩལ་སློབ་དཔོན་གྱི་ཐོན་རྫས་ཁང་དང་རྫ་དཀར་སྒྱུ་རྩལ་ཁང་། འགུལ་རིས་ཁང་། བྱིས་པའི་གསར་འབྱེད་རོལ་མྱོང་ཁང་། ཁུལ་དང་གྲོང་ཁྱེར་གྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཁང་། འཚེམ་བཟོ་ཁང་དང་རིག་གནས་ཚན་རྩལ་གསར་འབྱེད་ཁང་བཅས་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་སྤྱི་ཚོགས་ཉེན་སྲུང་ལས་ཀར་གྲུབ་འབྲས་ཐོབ་པ།
  • ལེ་ཚན་རྗེས་མ།:ཀུའེ་ཀྲོའུ་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་མཇུག་སྒྲིལ་བའི་དུས་རིམ་དུ་བསླེབས།
  • དོ་སྣང་ཆེ་བའི་རྩོམ།