སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-08-25
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རྒྱལ་ཁབ་ཀྱི་ཕྲེང་བསྟར་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་པ་དང་།ཧུར་ཐག་གིས་རྣམ་གྲངས་སོ་སོའི་སྤྱི་ཚོགས་ཉེན་སྲུང་གི་སྲིད་ཇུས་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་ཉེན་སྲུང་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་རེད།
ད་ལོའི་ཟླ་7པའི་བར་དུ།རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་སྣ5958སླེབས་ཡོད། དེའི་ཁྲོད་ཁེ་ལས་ཀྱི་མི་སྣ3721དང་ལས་བྲལ་ངལ་གསོའི་མི་སྣ1557ཡོད་པ་དང་།ཁེར་ལས་དུད་ཚང680ཡོད།ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་འཚོ་དངུལ་སྒོར་ཁྲི1375རྩིས་ལེན་བྱས་པ་དང་།ལས་ཁུངས་ཀྱི་ལས་བྲལ་ངལ་གསོའི་མི་སྣ1440ལ་འཚོ་བའི་ཐོབ་ཐང་ལེགས་སྒྲིག་བྱས་ཤིང་།མ་དངུལ་སྒོར་ཁྲི37.859ལེགས་སྒྲིག་བྱས་ཡོད།བུ་བཙའི་འགན་བཅོལ་ལ་ཞུགས་པའི་མི་སྣ་8286དང་དུད་ཚང440ཡོད།དེའི་ཁྲོད་ཁེ་ལས་ཀྱི་དུད་ཚང237ཡོད་པ་དང་།ལས་ཁུངས་ཀྱི་དུད་ཚང203ཡོད།ཁེ་ལས་ཀྱི་བུ་བཙའི་འགན་བཅོལ་མ་དངུལ་སྒོར་ཁྲི52རྩིས་ལེན་བྱས་པ།ལས་ཤོར་འགན་བཅོལ་ཕྱོགས་ལ་དུད་ཚང359ཞུགས་ཡོད་ལ་མི་སྣ6028ལ་སླེབས་ཡོད་པ།ན་ནིང་ལས་དུད་ཚང22དང་མི་སྣ188འཕར་བ་དེ་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་གྱི་94%ལེགས་འགྲུབ་བྱུང་ཞིང་།ལས་བྲལ་མི་སྣ103ལ་ལས་ཤོར་འགན་བཅོལ་མ་དངུལ་སྒོར་ཁྲི26.62བཏང་བ།དེ་བཞིན་སྨན་བཅོས་ཀྱི་འགན་བཅོལ་ལ་གྲོང་རྡལ་གྱི་ལས་བཟོ་མི་སྣ11224ཞུགས་པ་དང་།གྲོང་རྡལ་གྱི་སྡོད་དམངས18720ཞུགས་ཡོད་པ་རེད།
རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱི་འགན་འཁུར་བས“ད་ལོའི་ལོ་སྨད་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་དང་གོང་རིམ་སྡེ་ཁག་གི་བླང་བྱར་བསྟུན་ཞིང་།སྡེ་ཁག་གི་ནུས་པ་ཡོངས་སུ་འདོན་སྤེལ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་སྤྱི་ཚོགས་ཉེན་སྲུང་ལས་ཀ་ཇེ་དྲག་ཏུ་གཏང་རྒྱུ་རེད།”ཞེས་ཟེར་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10