རང་རྒྱལ་གྱིས་རེས་སྐོར་གསར་པའི་རོགས་སྐྱོར་འཆར་གཞི་འགོ་བཙུགས་ཏེ་རྫོང་རིམ་པའི་བྱིས་པའི་ཕན་བདེ་ལས་ཁུངས་ཇེ་མགྱོགས་སུ་བསྐྲུན།
མིག་དམར་གྱིས་བསྒྱུར། 2014-08-25
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། བྱིས་པའི་ཕན་བདེ་གཞི་རིམ་གྱི་སྤྱི་པའི་ཞབས་ཕྱི་འཇོན་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་དམངས་སྲིད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་རེས་སྐོར་གསར་པའི་རོགས་སྐྱོར་འཆར་གཞི་འགོ་བཙུགས་ཏེ། རྫོང་རིམ་པའི་བྱིས་པའི་ཕན་བདེ་ལས་ཁུངས་འཛུགས་རྒྱུའི་ལས་འགན་ལ་བཀོད་སྒྲིག་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བྱིས་པའི་ཕན་བདེ་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུའི་དུས་རིམ་གཉིས་པའི་འཆར་འགོད་ཀྱི་རྣམ་གྲངས་ནི་རེས་སྐོར་གསར་པའི་རོགས་སྐྱོར་འཆར་གཞི་ཞིག་ཡིན། 2013ལོའི་ཟླ་བ11པར། དམངས་སྲིད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས《རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་དང་དམངས་སྲིད་པུའུ་ཡི་བྱིས་པའི་ཕན་བདེ་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུའི་དུས་རིམ་གཉིས་པའི་འཆར་འགོད་ལ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ཞིང་། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག་ལོ3ནས་5ཡི་དུས་ཚོད་ནང་མི་འབོར་ཁྲི50ལྷག་ཡོད་པ་དང་དྭ་ཕྲུག་གི་གྲངས་ཀ་ཅུང་མང་བའི་རྫོང་(གྲོང་ཁྱེར)གཙོ་གནད་བྱས་ཏེ་བྱིས་པའི་ཕན་བདེ་སྒྲིག་ཆས་ཚན་པ་ཅིག་བསྐྲུན་རྒྱུ་དང་དྲྭ་ཕྲུག་ཉར་གསོ་དང་བཀོད་སྒྲིག་བྱེད་སའི་ཉལ་ཁྲི་ཁྲི3.5གསར་དུ་བསྣན་ཞིང་། གཞི་རྩའི་ཐོག་ནས་བཀོད་སྒྲིག་བྱེད་ཚུལ་འཚམ་པ་དང་བྱེད་ནུས་ཆ་ཚང་བ། དོ་དམ་ཚད་དང་ལྡན་པའི་གཞི་རིམ་གྱི་བྱིས་པའི་ཕན་བདེ་སྒྲིག་ཆས་ཀྱི་དྲ་བ་ཆགས་པའི་དམིགས་འབེན་འགྲུབ་དགོས་པ་རེད། དམངས་སྲིད་པུའུ་ཡིས་མཁོ་འདོན་བྱས་པའི་ཡིག་ཆ་ལས་མཚོན་དོན། 2013ལོའི་ལོ་མཇུག་གི་བར་དུ། རང་རྒྱལ་ལ་དྭ་ཕྲུག་ཁྱོན་བསྡོམས་ཁྲི54.9ཡོད་ཅིང་། རིགས་སྣ་ཚོགས་ཀྱི་སྤྱི་ཚོགས་ཕན་བདེ་ལས་ཁུངས་ཀྱིས་གཅིག་བསྡུས་ཀྱིས་ཁྲི11ཉར་གསོ་བྱས་ཡོད། དེའི་ནང་དྭ་ཕྲུག་ཁྲི5ལྷག་ནི་མི་རྒན་གསོ་སྙོར་ཁང་དང་རྒན་གསོ་ཁང་། དབང་པོ་སྐྱོན་ཅན་གྱི་ཕན་བདེ་ཁང་སོགས་གཞན་པའི་ཕན་བདེ་ལས་ཁུངས་སུ་ཐར་ཐོར་བྱས་ནས་བཀོད་སྒྲིག་བྱས་ཡོད། མིག་སྔར། རང་རྒྱལ་ལ་ཆེད་ལས་ཀྱི་བྱིས་པའི་ཕན་བདེའི་ཉལ་ཁྲི་ཁྱོན་བསྡོམས་ཁྲི9.8ཡོད་ཀྱང་དོན་དངོས་ཀྱི་དགོས་མཁོ་སྐོང་ད་དུང་མི་ཐུབ་པ་རེད།