ཝུན་ཅ་པའོ་ཡིས་སི་ཁྲོན་གྱི་ལིའང་ཧྲན་དུ་ཨེ་ཙིའི་འགོས་ནད་འགོག་བཅོས་ལས་ཀར་རྟོག་ཞིབ་གནང་ཞིང་དབྱིས་རིགས་ཀྱི་མང་ཚོགས་ལ་འཚམས་འདྲི་གནང་བ།

        2010-12-07

ཟླ་བ12པའི་ཚེས1ཉིན་ནི་འཛམ་གླིང་ཨེ་ཙིའི་འགོ་ནད་འགོག་པའི་ཉིན་མོ་ཡིན་པས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་སི་ཁྲོན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་ཨེ་ཙིའི་འགོ་ནད་འགོག་བཅོས་ལས་ཀར་རྟོག་ཞིབ་གནང་བར་མ་ཟད།ད་དུང་རྒྱ་ཆེའི་དབྱིས་རིགས་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།པར་འདི་2010ལོའི་ཟླ་བ12པའི་ཚེས1ཉིན་ཝུན་ཅ་པའོ་ཡིས་ཀྲའོ་ཅུའོ་རྫོང་སི་ཁེ་ཤང་གི་ལྟེ་བའི་སློབ་ཆུང་དུ་ཕ་མར་ཨེ་ཙིའི་འགོད་ནད་ཕོག་པའི་རྐྱེན་གྱིས་ཤི་བའི་དྭ་ཕྲུག41ལ་མཛའ་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད།ད་དུང་བྱིས་པ་རྣམས་ལ་སློབ་སྦྱོང་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་བོད་ཡིག་ཆ་འཕྲིན་ཐག་གཅོད་བྱེད་སྟངས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་དམངས་ལས་ཞུགས་
  • ལེ་ཚན་རྗེས་མ།:ཀྲུང་གོའི་མྱུར་བགྲོད་མེ་འཁོར་སྐྱེལ་འདྲེན་ཚོད་ལྟ་མྱུར་ཚད་ཡང་དུ་འཛམ་གླིང་གི་ཆེས་མྱུར་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།