ཀྲུང་གོའི་མྱུར་བགྲོད་མེ་འཁོར་སྐྱེལ་འདྲེན་ཚོད་ལྟ་མྱུར་ཚད་ཡང་དུ་འཛམ་གླིང་གི་ཆེས་མྱུར་བསྐྲུན།

ལྷ་འཛོམས།        2010-12-16

འཆམ་མཐུན་རྟགས་ཅན་མྱུར་བགྲོད་མེ་འཁོརCRH380Aསྐྱེལ་འདྲེན་ཕྱོགས་བསྡུས་ཚོད་ལྟའི་ནང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ486.1སླེབས།     མི་དམངས་དྲ་བའི་ཐོག་ཟླ་བ12པའི་ཚེས3ཉིན་པེ་ཅིན་ནས་འབྱོར་བའི་གཏམ་གསར།གོང་ཚེས་ཉིན་པེ་ཅིན་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཙའོ་ཀྲོང་ནས་པང་པུའུ་བར་གྱི་ལྕགས་ལམ་དུམ་བུར་ཕྱོགས་བསྡུས་ཚོད་ལྟ་བྱེད་དུས།རང་རྒྱལ་གྱི་ཐོན་སྐྱེད་པའི་འཆམ་མཐུན་རྟགས་ཅན་གྱིCRH380Aམྱུར་བགྲོད་འཐེན་ནུས་ལྡན་པའི་སྒུལ་ཤུགས་འཕྲུལ་འཁོར་ཞིབ་འཇུག་ཚོ་ཆུང་དེའི་ཆེས་མྱུར་བའི་རྒྱུག་ཚད་ཆུ་ཚོད་རེར་སྤྱི་ལེ416.6ཐོག་སླེབས་པས།འདི་ནི་ད་ལོའི་ཟླ་བ9པའི་ཚེས28ཉིན་གྱི་ཧྲང་ཧའེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་མེ་འཁོར་སྐྱེལ་འདྲེན་ཚོད་ལྟ་བྱེད་སྐབས་ཀྱི་ཆུ་ཚོད་རེར་སྤྱི་ལེ416.6ཡི་འཛམ་གླིང་གི་ཆེས་མྱུར་བསྐྲུན་རྗེས་ཡང་དུ་ཆུ་ཚོད་རེར་སྤྱི་ལེ486.1ཡི་ཐོག་ནས་འཛམ་གླིང་གི་ཆེས་མྱུར་བསྐྲུན།     པེ་ཅིན་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་པེ་ཅིན་དང་ཐན་ཅིན།ཧོ་པེ།ཧྲན་ཏུང་།ཨན་ཧུའེ།ཅང་སུའུ།ཧྲང་ཧའེ་བཅས་ཞིང་ཆེན་དང་གྲོང་ཁྱེར7ལ་བརྒྱུད་ནས་ཕུའུ་ཧའེ་དང་འབྲི་ཆུའི་འགག་གསུམ་སྐོར་བའི་དཔལ་འབྱོར་ས་ཁུལ་ཆེན་པོ་གཉིས་མཐུད་པ་རེད།སྐུལ་ལམ་དེ་པེ་ཅིན་ནུབ་ཕྱོགས་མེ་འཁོར་བབས་ཚུགས་ནས་ཧྲང་ཧའེ་ཧུང་ཆའོ་མེ་འཁོར་བབས་ཚུགས་ཡིན་པས།གསར་དུ་ལས་པའི་མེ་འཁོར་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ1318་ཡིན་པ།ལྕགས་ལམ་དེའི་བརྒྱུད་ཡུལ་དུ་ཁྱོན་བསྡོམས་པེ་ཅིན་ནུས་ཕྱོགས་དང་ཐན་ཅིན་བྱང་ཕྱོགས།ཅི་ནན་ནུབ་ཕྱོགས།ཧྲང་ཧའེ་ཧུང་ཆའོ་སོགས་མེ་འཁོར་བབས་ཚུགས24བཙུགས་ཡོད།འདི་ནི་འཛམ་གླིང་དུ་ཐེངས་གཅིག་ནས་བསྐྲུན་པའི་ལྕགས་ལམ་ཆེས་རིང་བ་དང་ལག་རྩལ་ཆེས་ཚད་ལྡན།ཆེས་མྱུར་པོའི་མྱུར་བགྲོད་ལྕགས་ལམ་ཡིན་པ་རེད།
     མིག་སྔར་རང་རྒྱལ་གྱི་སྐྱེལ་འདྲེན་བྱེད་བཞིན་པའི་མྱུར་བགྲོད་ལྕགས་ལམ་རིང་ཚད་སྤྱི་ལེ7531ཐོག་སླེབས་པས།འཛམ་གླིང་ཐོག་གི་ཨང་དང་པོ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་སི་ཁྲོན་གྱི་ལིའང་ཧྲན་དུ་ཨེ་ཙིའི་འགོས་ནད་འགོག་བཅོས་ལས་ཀར་རྟོག་ཞིབ་གནང་ཞིང་དབྱིས་རིགས་ཀྱ
  • ལེ་ཚན་རྗེས་མ།:ཀོང་ཀྲུའུ་ལ་ཚོགས་པའི་ཡ་གླིང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་རེད།
  • དོ་སྣང་ཆེ་བའི་རྩོམ།