ཀྲུང་དབྱང་མི་རིགས་སློབ་ཆེན་དུ༼སྐར་མ་འོད་ཆེན༽འདོན་ཐེངས་བཅོ་བརྒྱད་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས།

ཀླུ་འབུམ་རྒྱལ།    མཚོ་སྔོན་པོ་དྲ་བ།    2013-10-15

ཀྲུང་དབྱང་མི་རིགས་སློབ་ཆེན་དུ༼སྐར་མ་འོད་ཆེན༽འདོན་ཐེངས་བཅོ་བརྒྱད་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས།
ཀྲུང་དབྱང་མི་རིགས་སློབ་ཆེན་དུ《སྐར་མ་འོད་ཆེན》འདོན་ཐེངས་བཅོ་བརྒྱད་པ་འགྲེམ་སྤེལ་བྱས་པ།ཀྲུང་དབྱང་མི་རིགས་སློབ་ཆེན་དུ༼སྐར་མ་འོད་ཆེན༽འདོན་ཐེངས་བཅོ་བརྒྱད་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས།

ཚོགས་ཞུགས་དགེ་སློབ་ཁག་ཅིག་གི་མཉམ་པར།
  ཉེ་ལམ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་གཉེར་བྱས་པའི་རྩོམ་རིག་ལོ་དེབ《སྐར་མ་འོད་ཆེན》འདོན་ཐེངས18པའི་རྩོམ་སྒྲིག་གི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། ཀློག་པ་པོ་ཀུན་གྱི་སྤྱན་སྔར་བཀྲམ་འདུག 
  ཟླ10པའི་ཚེས8ཉིན།《སྐར་མ་འོད་ཆེན》འདོན་ཐེངས་བཅོ་བརྒྱད་པའི་འགྲེམ་སྤེལ་ཚོགས་འདུ་བོད་རིགས་པ་ཞིབ་འཇུག་གླིང་གི་ཚོགས་འདུ་ཁང་དུ་བསྡུས་པ་དང་། ཚོགས་འདུར་གླིང་གཙོ་གཞོན་པ་དགེ་རྒན་བཀྲ་བྷ་ལགས་དང་དགེ་རྒན་བན་དེ་མཁར་གཉིས་གཙོ་བྱས་པའི་རྩོམ་རིག་ལ་མོས་པའི་སློབ་མ་རྣམས་ཞུགས་འདུག་ལ། གླིང་གཙོ་གཞོན་པ་རྒན་བཀྲ་བྷ་ལགས་ནས་སྐར་མ་འོད་ཆེན་འདོན་ཐེངས་འདིའི་དགེ་སྐྱོན་དང་འདོན་ཐེངས་རྗེས་མའི་སྐབས་སུ་མཉམ་འཇོག་དགོས་པའི་ཆ་དང་འབྲེལ་བའི་གཏམ་བཤད་གནང་བ་མ་ཟད། སློབ་གླིང་འདིའི་སློབ་རའི་རིག་གནས་སྐོར་ལའང་ཀུ་རེའི་གཏམ་དང་བཅས་ཁོང་གི་བསམ་ཚུལ་རེ་འགའ་བརྗོད་པར་ཚོགས་ཞུགས་ཀུན་གྱིས་མོས་མཐུན་བྱེད་ཀྱིན་འདུག
ཚོགས་འདུར་རྩོམ་སྒྲིག་པ་རྣམས་ཀྱིས་དུས་དེབ་ཀྱི་སྒྲིག་གཞིའི་རིམ་པ་ལྟར་ལེ་ཚན་སོ་སོ་ངོ་སྤྲོད་མདོར་བསྡུས་རེ་བྱས་པ་དང་། དེ་ནས་ཚོགས་ཞུགས་དགེ་སློབ་རྣམས་ནས་དུས་དེབ་ཀྱི་ལེ་ཚན་བཀོད་སྒྲིག་དང་པར་རིས་ཇུས་འགོད། སློབ་གླིང་འདིའི་རྩོམ་རིག་གི་མཁའ་དབུགས་སོགས་ཀྱི་ཐད་ནས་སོ་སོས་བསམ་འཆར་དང་རེ་འདུན་བརྗོད་ནས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྒྲིལ།
  • ལེ་ཚན་སྔོན་མ།:མཚོ་སྔོན་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་འདོན་སྤེལ་བྱེད་པའི་ཞིབ་སྦྱོང་འཛིན་གྲྭ་བསྡུས།
  • ལེ་ཚན་རྗེས་མ།: ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་གལ་ཆེན་གྱི་མཛུབ་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།