རང་རྒྱལ་གྱི་ཟོང་འདྲེན་འཕུར་གྲུ་ཨང་དང་པོ་སང་ལོའི་ལོ་སྟོད་ལ་འཕང་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2016-12-02

ཀྲུང་གོའི་མི་ཞུགས་འཇིག་རྟེན་ལ་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཀྲའོ་ཡའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་གྱི་ཟོང་འདྲེན་འཕུར་གྲུ་ཨང་དང་པོ་དེ2017ལོའི་ལོ་སྟོད་ལ་ཀྲུང་གོའི་ཝུན་ཁྲང་གི་མཁའ་ཚུགས་ནས་འཕང་རྒྱུ་ཡིན་ཞེས་བཤད།
ཝང་ཀྲའོ་ཡའོ་ཡིས་ཟོང་འདྲེན་འཕུར་གྲུ་ཨང་དང་པོ་ནི་རང་རྒྱལ་གྱི་འཕུར་ཆས་གསར་རྐྱང་ཞིག་རེད།   གཙོ་བོ་ནི་བར་སྣང་ས་ཚུགས་སུ་ཟད་གྲོན་དངོས་རྫས་དང་།  འབུད་འདེད་སྨན།  ཉམས་གསོའི་སྒྲིག་ཆས།  ཉམས་གསོ་ཡོ་བྱད་དང་ཚོད་ལྟ་དངོས་བཤེར་ཐེག་ཁུར་སྒྲིག་ཆས་སོགས་བསྐྱལ་རྒྱུའི་འགན་འཁྲི་འཁུར་བར་མ་ཟད།  ད་དུང་བསྐྱུར་དགོས་པའི་དངོས་རྫས་མར་ཁུར་ཡོང་བ་རེད།    མིག་སྔར་ཟོང་འདྲེན་འཕུར་གྲུ་ཨང་དང་པོ་དེ་སྒྲིག་སྦྱོར་བྱས་པའི་ཚོད་ལེན་བྱེད་བཞིན་ཡོད།   2017ལོའི་ལོ་སྟོད་ལ་ཀྲུང་གོའི་ཝུན་ཁྲང་མཁའ་ཚུགས་ཀྱི་རྒྱང་སྐྱོད་ཨང་རྟགས་བདུན་པའི་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་ཡིས་བར་སྣང་དུ་འཕང་རྒྱུ་རེད།  དེའི་རྗེས་སུ་ལྷ་གྲུ་ཨང་རྟགས་གཉིས་པ་དང་མཐུད་ནས་འབུད་འདེད་སྨན་གསར་སྣོན་བྱེད་པ་སོགས་ཀྱི་ཚོད་ལྟ་ལས་ཀ་སྤེལ་རྒྱུའི་འཆར་གཞི་བཞག་ཡོད་ཅེས་བཤད།། 
  • ལེ་ཚན་སྔོན་མ།:ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་གནད་སྨིན་བྱས་ཏེ་དབུལ་ཕོངས་རྫོང་རེ་རེར་ཞིང་ལས་ཚན་རྩལ་གྱི་ཆེད་རམས་པས་ཞབས་འདེགས་ཞུ་བའི་ས་ཚུགས་རེ་འཛུགས་རྒྱུ།
  • ལེ་ཚན་རྗེས་མ།:སྨི་བརྒྱའི་ཐང་ག་ཐེན་ཅིན་དུ་བཀྲམ་པ།
  • དོ་སྣང་ཆེ་བའི་རྩོམ།