ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་། ཞིང་ལས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་ལས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་གནད་སྨིན་གྱི་ལས་གྲྭ་ལག་ལེན་བསྟར་རྒྱུ་རེད། 2020ལོར་སླེབས་དུས་དབུལ་ཕོངས་ས་ཁུལ་དུ་ཞིང་ལས་ཚན་རྩལ་གྱི་མཉམ་ལས་མཐུན་ཚོགས1000ཡན་ཆད་དང་ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས10000ཡན་ཆད་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་ལག་རྩལ་གྱི་མཐུན་ཚོགས་རྩ་འཛུགས་དང་ཞབས་འདེགས་ཞུ་རྒྱ་དེ་དབུལ་ཕོངས་རྫོང་ཡོངས་སུ་ཁྱབ་ཐུབ་པར་བྱ་རྒྱུ། ཚན་རྩལ་གྱི་ཆེད་རམས་པ་ཁྲི10ཡན་ཆད་སྒྲིག་འཛུགས་བྱས་ཏེ་དབུལ་ཐར་འགག་སྒྲོལ་ནང་ཞུགས་བཅུག་སྟེ་ཚན་རྩལ་གྱི་ཞབས་འདེགས་ཞུ་ཁྱོན་དེ་དབུལ་ཕོངས་ཀྱི་གྲོང་ཚོ་ཡོངས་སུ་ཁྱབ་ཐུབ་པར་བྱ་རྒྱུ།
ཀྲུང་གོའི་ཚན་རིག་མཐུན་ཚོགས་དང་། ཞིང་ལས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་ལས་བྱས་ཏེ་དཔར་འགྲེམས་བྱས་པའི《ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་གནད་སྨིན་གྱི་ལས་གྲྭ་ལག་ལེན་བསྟར་བའི་འཆར་གཞིའི》ནང་དབུལ་སྐྱོར་གནད་སྨིན་ལ་ཕྱོགས་གསུམ་ཐད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་བཏོན་ཡོད་པ་སྟེ། གཅིག་ནི་དབུལ་ཕོངས་རྫོང་རེ་རེར་ཞིང་ལས་ཚན་རྩལ་གྱི་ཆེད་རམས་པས་ཞབས་འདེགས་ཞུ་བའི་ས་ཚུགས་རེ་རེ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་ལྡན་པའི་དབུལ་ཕོངས་གྲོང་རྡལ་དུ་གྲོང་རྡལ་གྱི་ཞིང་ལས་ཚན་རྩལ་མཐུན་ཚོགས་ཀྱི་མཉམ་ལས་ཁང་རེ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ། གསུམ་ནི་གྲོང་ཚོ་རེར་ཁྱད་རྟགས་ཀྱི་ཐོན་རྫས་རིགས་གཅིག་འཕེལ་རྒྱས་གཏོང་འོས་པའི་དབུལ་ཕོངས་གྲོང་ཚོར་ཞིང་ལས་ཚན་རྩལ་གྱི་མཐུན་ཚོགས་རེ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་རྣམ་པ་གསར་པའི་བདག་གཉེར་བྱེད་མཁན་གཙོ་གནད་གསོ་སྐྱོང་དང་ཁྱད་ཆོས་ལྡན་པའི་ཁྱད་རྟགས་ཐོན་རྫས་རེ་བསྐྲུན་ཐུབ་པར་བྱ་རྒྱུ། སྦྱོང་བརྡར་བྱས་པར་བརྒྱུད་ངལ་རྩལ་ཐོན་སྐྱེད་ཀྱི་ནུས་ཤུགས་ལྡན་པའི་དབུལ་ཕོངས་ཁྱིམ་ཚང་རེ་རེར་དབུལ་ཐར་ཕྱུག་འགྱུར་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་ནུས་རྩལ་གཅིག་ནས་གཉིས་བར་ཁོང་དུ་ཆུད་པར་བྱ་རྒྱུ་རེད།