མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་གྲང་འགོག་ཁ་གསབ་སྤྲད།

        2016-11-18

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར།  ཟླ་བ10པ་ནས་བཟུང།  མཚོ་སྔོན་གྱི་ས་ཁུལ་ཕལ་ཆེར་ཁ་བ་བབས་པས་གྲང་ངར་ཤིན་ཏུ་ཆེ།  འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་བདེ་བླག་ངང་གྲོང་བའི་དུས་ཚིགས་བརྒལ་ཐུབ་ཆེད།  མཚོ་སྔོན་གྱིས་ཉེ་དུས་ཁག་བགོས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་གྲང་འགོག་གི་ཁ་གསབ་སྤྲད་པ་རེད།
མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་ཆགས་ཡོད་པས་གནམ་གཤིས་ཧ་ཅང་གྲང་།  ལོ་རེའི་ཟླ10པར་དྲོད་རླངས་མཁོ་འདོན་བྱ་དགོས་པའི་དུས་ཚིགས་སུ་སླེབས་པ་རེད།   ལྕི་བ་དང་སོག་མ་སོགས་དུས་རྒྱུན་གྱི་འབར་རྫས་མི་འདང་པའི་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་སྡོད་དམངས་ལ་ཆ་བཞག་ན། ལོ་རེའི་དགུན་མ་ཤར་གོང་གི་གྲོང་འགོག་དྲོད་ལེན་གྱི་གྲོན་དངུལ་མི་འདང་བའི་གནད་དོན་དང་འཕྲད་ཀྱི་ཡོད།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་བརྟག་ཞིབ་པ་ཝང་ཞིའུ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཉེ་དུས་ཁག་བགོས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་གྲོང་འགོག་ཁ་གསབ་སྤྲད་རྒྱུ་རེད།     དེའི་ནང་གྲོང་ཁྱེར་གྱི་གསུམ་མེད་ཁྱིམ་དུད་རེར་མ་དངུལ་སྒོར1000སྤྲད་རྒྱུ་དང་སྤྱིར་བཏང་གི་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་དུད་རེར་མ་དངུལ་སྒོར750སྤྲད་པ་དང་། མི་ཁྲི16.5ལ་ཁེ་ཕན་ཐོབ་ཡོད།   ཁ་གསབ་བྱ་རྒྱུའི་མ་དངུལ་ཐམས་ཅད་ཟླ་བ11པའི་ཟླ་མཇུག་གི་སྔོན་ལ་སྤྲད་ཚར་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར40ལྷག་བཏང་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཤར་རྒྱུད་ཀྱི་གྲོང་ཚོ་ཆུང་ཆུང་གིས་དབུལ་སྐྱོར་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།