ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར40ལྷག་བཏང་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2016-11-18

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།  བོད་ལྗོངས་ཀྱི་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་རྒྱུའི་ལས་དོན་ལ་སྐུལ་མ་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2014ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ལ་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར40.1བཏང་ནས་ བོད་ཀྱི་རྫོང་(ཆུས)74ཡི་འོས་འགན་སློབ་གསོའི་སློབ་གྲྭ1034ཡི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཡོད།
བོད་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གིས་བོད་ལ་སློབ་གཉེར་ཆ་རྐྱེན་སྒོ་ཀུན་ནས་ལེགས་བཅོས་བྱ་རྒྱུའི་མ་དངུལ་སྒོར་དུང་ཕྱུར40.1བཏང་བའི་ནང་ཀྲུང་དབྱང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར21.2བཏང་བ་དང་ཀྲུང་དབྱང་གི་འོས་འགན་སློབ་གསོའི་དུས་རིམ་གཞན་གྱི་གྲབས་གསོག་མ་དངུལ་སྒོར་དུང་ཕྱུར18.9གཅིག་གྱུར་འཆར་འགོད་བྱས་ཏེ་སློབ་གྲྭའི་ཁང་པ་བསྐྱར་སྐྲུན་དང་།  སྒྲིག་ཆས་སྒྲིག་སྦྱོར།  ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཡོད།  མིག་སྔར། འཆར་འགོད་ནང་གཏོགས་པའི་སློབ་གྲྭའི་ཁང་པ་བརྒྱ་ཆ45.4ལེགས་བཅོས་བྱས་ཟིན་པ་དང་། སྒྲིག་ཆས་རིགས་ཚང་མ་ཉོས་ཟིན་ནས་སློབ་གྲྭར་སྤྲད་དེ་སློབ་གསོ་ཆ་འཕྲིན་ཅན་བསྐྲུན་རྒྱུའི་ལས་ཀ་སྒོ་ཀུན་ནས་སྤེལ་འགོ་ཚུགས་ཡོད། ལོ་ལྔའི་རིང་སློབ་གཉེར་ཆ་རྐྱེན་སྒོ་ཀུན་ནས་ལེགས་བཅོས་བྱ་རྒྱུའི་དུས་ཚོད་ཕྱེད་ཀ་ཙམ་ཟིན་ཡོད་ལ།  ལས་འགན་ཡང་ཕྱེད་ཀ་ཙམ་ལེགས་འགྲུབ་བྱས་ཡོད་པས།   བོད་ཀྱི་འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལ་མངོན་གསལ་དོད་པོའི་ལེགས་བཅོས་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་གཞི་རྩའི་སློབ་གཉེར་ཚད་གཞི་དང་བསྟུན་ནས་གང་ཞིག་མི་འདང་ན་དེར་གསབ་པའི་རྩ་དོན་ལྟར་ལོ་ལྔའི་ནང(2014ནས2018ལོ་བར)མ་དངུལ་སྒོར་དུང་ཕྱུར67.16བཏང་སྟེ་སློབ་གྲྭའི་ཁང་པ་སྨི་གྲུ་བཞི་མ་ཁྲི156.4བསྐྲུན་རྒྱུ་དང་།  གློག་ཀླད23426དང་ཅོག་ཙེ་རྐུབ་སྟེགས་ཆ་ཚང་ཁྲི15.9  སློབ་མའི་ཉལ་ཁྲི་ཁྲི9.3 དཔེ་དེབ་ཁྲི270.3 ཚོད་ལྟའི་སྒྲིག་ཆས་ཁྲི11.9བཅས་ཉོ་རྒྱུའི་འཆར་གཞི་བཞག་ཡོད། 
  • ལེ་ཚན་སྔོན་མ།:ད་ལོའི་ཟླ12པའི་ཟླ་སྨད་ནས་བཟུང་མཚོ་སྔོན་བོད་ཁུལ་དུ་རླངས་འཁོར་ཁ་ལོ་བའི་བོད་སྐད་རྒྱུགས་གཞི་མ་ལག་ལག་བསྟར་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་གྲང་འགོག་ཁ་གསབ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།