པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》བོད་ཡུལ་དུ་སྟོན་འཆར་ཡོད་པ།

        2016-11-16

པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》བོད་ཡུལ་དུ་སྟོན་འཆར་ཡོད་པ།

«ཐར་ལོ» དྲིལ་བསྒྲགས་པར་རིས།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གསལ་བསྒྲགས་བྱས་པ་ལྟར་ན།  ཁོང་གི་གློག་བརྙན་གསར་ཤོས«ཐར་ལོ» སྤྱི་ཟླ11པའི་ཚེས18ཉིན་ནས།  བོད་ཁུལ་གཙོས་རྒྱ་ནག་གི་ནུབ་བྱང་ས་ཁུལ་དུ་གཟིགས་སྟོན་གནང་རྒྱུ་གཏན་འཁེལ་བྱས་ཟིན་ལ།   སྤྱི་ཟླ12པའི་ཚེས9ཉིན་ནས་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་འགྲེམ་སྤེལ་བྱ་འཆར་ཡོད།  

པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》བོད་ཡུལ་དུ་སྟོན་འཆར་ཡོད་པ།

     «ཐར་ལོ» ནི་པདྨ་ཚེ་བརྟན་གྱི་གློག་བརྙན་སྐྱ་བོ་ཐོག་མ་ཡིན་ཏེ།  2015ལོའི་ཟླ11པར།  ཐེ་ཝན་གྱི་གསེར་གྱི་རྟ་མཆོག་གློག་བརྙན་དུས་སྟོན་སྐབས་55པའི་འཁྲབ་གཞུང་ལེགས་བཅོས་རྩེ་གྲའི་བྱ་དགའ་ཐོབ་པ་དང་།  2015ལོའི་ཟླ12པར།  ཐོ་ཁྱོའི་གློག་བརྙན་དུས་སྟོནFILMEXསྐབས16པའི་གློག་བརྙན་རྩེ་གྲ་དང་སློབ་མའི་དཔྱད་འདེམས་ཚོགས་པའི་བྱ་དགའ་གཉིས་ཐོབ་པ་དང་།  2016ལོའི་ཟླ2པར།  ཧྥ་རན་སིའི་སུ་ཝེལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས22པར་གློག་བརྙན་དུས་ཆེན་དེའི་གཟེངས་རྟགས་མཐོ་ཤོས་གསེར་གྱི་འཁོར་ལོ་རྐང་གསུམ་བུམ་པ་དང་ཕ་རི་སིའི་ཤར་ཕྱོགས་སྐད་ཀྱི་གཟེངས་རྟགས་གཉིས་ཀ་ཐོབ་པ་དང་། སྔ་ཕྱིར། ཨ་རི་དང་ཡོ་རོབ།  ཉི་ཧོང་སོགས་རྒྱལ་ཁབ་དང་ས་གནས་མང་པོ་ནས་གཟིགས་སྟོན་བྱས།  །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ཚད་ལོ་བསྟུད་མར༡༤ལ་བརྒྱ༧༠ལས་བརྒལ།
  • ལེ་ཚན་རྗེས་མ།:ད་ལོའི་ཟླ12པའི་ཟླ་སྨད་ནས་བཟུང་མཚོ་སྔོན་བོད་ཁུལ་དུ་རླངས་འཁོར་ཁ་ལོ་བའི་བོད་སྐད་རྒྱུགས་གཞི་མ་ལག་ལག་བསྟར་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།