ལིས་ཁི་ཆང་གིས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་སྲིད་གཞུང་བསྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-29

ལིས་ཁི་ཆང་གིས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་སྲིད་གཞུང་བསྐྲུན་པར་འབད་བརྩོན་

  སྤྱི་ཟླ3པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་གསུངས་བཤད་གནང་།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ3པའི་ཚེས26ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་གསུངས་བཤད་གནང་།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

  ལིས་ཁི་ཆང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་རུང་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་སྒོ་ཀུན་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ་ཚད་ལྡན་དུ་གཏོང་བ་དང་། སྤྱོད་གཙང་སྲིད་གཞུང་བསྐྲུན་པར་བརྩོན་པ་བསྐྱེད་དགོས་ཞེས་ནན་གྱིས་བསྟན།

  ལིས་ཁི་ཆང་གིས་སྐབས་གསར་བའི་སྲིད་གཞུང་གིས་དཔལ་འབྱོར་རྒྱུན་བསྲིང་གིས་གོང་དུ་སྤེལ་བ་དང་། མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས། སྤྱི་ཚོགས་དྲང་གཞག་ལ་ཡར་སྐུལ་གཏོང་བ་བཅས་ཀྱི་ལས་འགན་གཙོ་བོ་གསུམ་ལེགས་འགྲུབ་བྱེད་ན། ངེས་པར་དུ་གསར་སྐྲུན་ལ་མཁས་པའི་སྲིད་གཞུང་དང་། སྤྱོད་གཙང་སྲིད་གཞུང་། ཁྲིམས་སྐྱོང་སྲིད་གཞུང་བཅས་བསྐྲུན་པར་བརྩོན་ལེན་བྱེད་རྒྱུ་དང་། དེའི་ཁྲོད་ཀྱི་སྤྱོད་གཙང་སྲིད་གཞུང་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེ། སྤྱོད་གཙང་ནི་སྤྱིའི་ཡིད་རྟོན་གྱི་རྨང་རྡོ་ལྟ་བུ་ཡིན་ལ། གལ་ཏེ་རུང་སུངས་གནད་དོན་དེ་བཀག་འགོག་དང་ཐག་གཅོད་མ་བྱས་ན། སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་ཉམས་སྲིད་ལ། ང་ཚོས་བསྒྲུབས་པའི་བྱ་བ་ཡོད་ཚད་ངལ་བ་འབྲས་མེད་དུ་འགྱུར་སྲིད་ཅེས་བསྟན།

  ལིས་ཁི་ཆང་གིས་གསུངས་དོན། ཉེ་བའི་ལོ་འགར། ང་ཚོས་སྲིད་གཞུང་གི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་འཛུགས་སྐྲུན་རྒྱུན་འཁྱོངས་དང་། ཡུན་རིང་གི་རྨང་གཞིའི་བྱ་བ་ལེགས་པོར་བསྒྲུབས་ཏེ། གྲུབ་འབྲས་གསར་བ་བླངས་མོད། འོན་ཀྱང་ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་གནས་ཚུལ་སྔར་བཞིན་མང་དུ་བྱུང་དང་འབྱུང་བཞིན་ཡོད་པ་དང་། སྤྱི་ཚོགས་སྟེང་བསམ་འཆར་ཧ་ཅང་ཆེ།

  ལིས་ཁི་ཆང་གིས་ཕྱོགས་དྲུག་གི་ཐད་ནས་ད་ལོའི་སྲིད་གཞུང་གི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་བར་རེ་བ་བཏོན་པ་འདི་ལྟར། གཅིག་ནས་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་བྱས་ཏེ་མར་སྤྲོད་དགོས་པའི་དབང་ཆ་མར་སྤྲོད་པ་། གཉིས་ནས་དབང་ཆར་དོ་བདག་བྱེད་པ། གསུམ་ནས་མ་དངུལ་དང་རྒྱུ་ནོར་ལ་དོ་དམ་ལེགས་པོ་བྱེད་པ། བཞི་ནས་སྲིད་དོན་ཡོངས་སྒྲོག་བྱེད་པ། ལྔ་ནས་གྲོན་ཆུང་ལ་བརྟེན་ནས་སྲིད་སྐྱོང་བ། དྲུག་ནས་ཁྲིམས་ལྟར་སྤྱོད་གཙང་ལ་ཡར་སྐུལ་གཏོང་དགོས་པ་བཅས་རེད།

  ལིས་ཁི་ཆང་གིས་མཇུག་མཐར་རུང་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་བའི་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་ཚང་མས་རང་དཔེ་གཞན་སྟོན་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམ་པ་ཁག་གི་སྲིད་གཞུང་དང་སྡེ་ཁག་སོ་སོར་མིག་དཔེ་སྟོན་པ། སྡེ་ཁག་སོ་སོས་རང་ཁོངས་གཏོགས་ལ་མིག་དཔེ་སྟོན་པ་དང་། མགོ་ཁྲིད་ལས་བྱེད་པས་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་སྟོན་དགོས་ཞེས་ནན་གྱིས་བསྟན།  །

  • ལེ་ཚན་སྔོན་མ།:དགེ་རྒན་ཆེན་མོ་འཇམ་དབྱངས་ཆོས་འཕེལ་གྱིས་སི་ཏན་ཧྥུ་སློབ་ཆེན་དུ་འཆད་ཁྲིད་གནང་།
  • ལེ་ཚན་རྗེས་མ།:ཏུན་ཧུང་གི་བོད་ཡིག་ཆོས་གཞུང་ཡིག་ཆ་དག་བོད་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་རྒྱུ་ཆ་གཙོ་བོར་གྱུར་བ།
  • དོ་སྣང་ཆེ་བའི་རྩོམ།