ཏུན་ཧུང་གི་བོད་ཡིག་ཆོས་གཞུང་ཡིག་ཆ་དག་བོད་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་རྒྱུ་ཆ་གཙོ་བོར་གྱུར་བ།

    ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ    2013-04-01

 ཧྥ་རན་སེར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་གི་བོད་ཡིག་ཆོས་གཞུང་ཡིག་ཆ་དག་ནི་དུས་རབས8པ་ནས10བར་གྱི་ལག་བྲིས་ཡིག་ཆ་ཡིན་པས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་ཆོས་དང་། ཐང་རྒྱལ་རབས་སྐབས་ཀྱི་རྒྱ་བོད་ནང་ཆོས་རིག་གནས་འབྲེལ་འདྲིས་གནས་ཚུལ། རྒྱ་གར་གྱི་གསང་བསྔགས་བརྒྱད་བསྒྲགས་གནས་ཚུལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཆེས་གལ་ཆེན་ཡིན་པ་དང་། རིག་གཞུང་རིན་ཐང་ཆེན་པོ་ཡོད་པ་བསྙོན་མེད་རེད།

མིག་སྔར། ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ་གཞན་པའི་མི་རིགས་ཡིག་ཆ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཚེ་རིང་གིས་གཙོ་སྐྱོང་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས “ཧྥ་རན་སེར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་གི་བོད་ཡིག་ཆོས་གཞུང་ཡིག་ཆ་ཡིག་བསྒྱུར་བསྡུ་སྒྲིག་གནས་ཚུལ་ཞིབ་འཇུག”ཅེས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཚེ་རིང་གིས་བསྟན་དོན། ཧྥ་རན་སེར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་གི་བོད་ཡིག་ཆོས་གཞུང་ཡིག་ཆ་ཡིས་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་མངའ་ཁོངས་རྒྱ་བསྐྱེད་ཡོད་ལ། ཏུང་ཧོང་གི་བོད་ཀྱི་གནའ་ཡིག་ཆོས་གཞུང་ཡིག་ཆ་དང《བཀའ་བསྟན་འགྱུར》བར། རྒྱ་བོད་ཡིག་ཆ་བར་གྱི་དཔྱད་བསྡུར་ཞིབ་འཇུག་ཐད་ལ་རིན་ཐང་ལྡན་པ་མ་ཟད། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་ཆོས་འཕེལ་རྒྱས་ལོ་རྒྱུས་བསྐྱར་འབྲི་བྱེད་པ་ལའང་ཕན་པ་ལྡན།

བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆ་ཞིབ་འཇུག་གནས་བབ་ཉག་ཕྲ་བ།

ཚེ་རིང་གིས་ངོ་སྤྲོད་བྱ་རྒྱུར། རིག་གཞུང་སྡེ་ཁག་གིས་དགུངས་པ་གཅིག་མཐུན་དུ་ཧྥ་རན་སེ་དང་དབྱིན་ཇིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་གི་བོད་ཀྱི་གནའ་ཡིག་ཡིག་ཆ་ནི། ཏུན་ཧོང་དུ་ཉར་ཚགས་བྱས་ཡོད་པའི་གནའ་ཡིག་ཡིག་ཆ་ཁག་ལས་རིན་ཐང་ཆེས་ཆེ་བ་ཡིན་པར་འདོད་བཞིན་ཡོད།

ཏུན་ཧོང་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆ་ཁག་ནི་མིག་སྔར་ཉར་ཚགས་བྱས་ཡོད་པའི་བོད་ཡིག་ནང་བསྟན་ཡིག་ཆའི་ཁྲོད་ཀྱི་ཆེས་རྙིང་ཤོས་ཡིན། རྒྱལ་ནང་དང་བསྡུར་ན་ཧྥ་རན་སེའི་བོད་ཡིག་ནང་བསྟན་ཡིག་ཆ་ལ་རིགས་མང་བ་དང་། ཉར་ཚགས་བྱས་པ་ཅུང་ཆ་ཚང་ཡིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེས་འདོད་ཚུལ་ལྟར་ན། ཧྥ་རན་སེའི་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆ་ཁག་ནི་དུས་རབས8པ་ནས10བར་གྱི་ལག་བྲིས་མ་ཡིན་པས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་བསྟན་ཆོས་ལུགས་དང་། ཐང་རྒྱལ་རབས་སྐབས་ཀྱི་རྒྱ་བོད་ནང་ཆོས་རིག་གནས་འབྲེལ་འདྲིས། རྒྱ་གར་གྱི་གསང་བསྔགས་བརྒྱུད་བསྒྲགས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཆེས་གལ་ཆེན་ཡིན་པས། རིག་གཞུང་རིན་ཐང་ཆེན་པོ་ཡོད་པ་བསྙོན་མེད་རེད།

ཏུན་ཧོང་བོད་ཀྱི་གནའ་ཡིག་ཡིག་ཆ་གསར་རྙེད་བྱུང་བ་ནས་བཟུང་། རྒྱལ་སྤྱིའི་རིག་གཞུང་པའི་སྡེ་ཡིས་དོ་སྣང་ཆེན་པོ་ཐོབ། ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ཏུན་ཧོང་གི་བོད་ཀྱི་གནའ་ཡིག་ཡིག་ཆའི་ཁྲོད་ནང་བསྟན་ཆོས་ལུགས་ཀྱི་ཡིག་ཆས་ཚད་ངེས་ཅན་བཟུང་ཡོད་མོད། འོན་ཀྱང་ཞིབ་འཇུག་གྲུབ་འབྲས་དེ་འདྲ་ཆེན་པོ་ཐོབ་མེད། སྤྱིའི་ཆ་ནས་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་ཚོས་ཧྥ་རན་སེའི་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཅུང་ཙམ་ཁ་འཐོར་རེད། གཙོ་བོ་གནད་དོན་ཁ་ཤས་ཀྱི་སྟེང་དུ་འདུས་འདུག

ནང་བསྟན་རིག་གནས་འབྲེལ་འདྲིས་ཀྱི་ཞིབ་ཚགས་གནས་ཚུལ་ཕྱིར་མངོན་པ།

མིག་སྔར་བཙན་པོའི་ནང་བསྟན་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་ཐད་ནས་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཡིག་ནང་བསྟན་ཆོས་འབྱུང་ལོ་རྒྱུས་བརྩམས་ཆོས་ཁག་གཞི་གཙོ་བོར་བཟུང་ཡོད་ལ། བརྩམས་ཆོས་དེ་དག་གི་ཁྲོད་དུ་ལྷ་སྒྲུང་གཏམ་རྒྱུད་འདུས་པ་མང་བས། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་བསྟན་ཆོས་ལུགས་ཞིབ་འབྲི་བྱས་པ་དེ་འདྲ་དོན་མཐུན་མིན། ཚེ་རིང་གིས་འདོད་ཚུལ་ལྟར་ན། ཏུན་ཧོང་གི་བོད་ཀྱི་ཡིག་རྙིང་ནང་བསྟན་ཡིག་ཆ་ཁག་ལ་ཞིབ་འཇུག་བྱས་ཚེ། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་ཆོས་འཕེལ་རྒྱས་ལོ་རྒྱུས་བསྐྱར་སྒྲིག་བྱེད་པ་དང་། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་ཆོས་ལོ་རྒྱུས་ལ་རྒྱུས་ལོན་ཇེ་ཟབ་གཏོང་བར་ཕན་པ་ཆེན་པོ་ལྡན།

《བརྒྱ་ཕྱག་གསོལ་འདེབས》ནི་བོད་དུ་དྲངས་བའི་ནང་ཆོས་གཞུང་ལུགས་ཆེས་སྔ་ཤོས་ཡིན། ཚེ་རིང་གིས་བསྟན་དོན། ཁོ་ཚོས་ཏུན་ཧོང་གི《བརྒྱ་ཕྱག་གསོལ་འདེབས》ལག་བྲིས་མར་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་མཐར་རྒྱུས་ལོན་བྱུང་བ་ནི། བསྟན་བཅོས་དེ་ནི་བཙན་པོའི་རྒྱལ་རབས་སྐབས་སུ་སྒྲིག་པའི་བསྟན་བཅོས་ཆེས་ཐོག་མ་ཡིན་པ་འདྲ་ཟེར།

འཕགས་ཡུལ་གྱི་པཎྜི་ཏ་བདེ་བ་འཕགས་གྲུབ་འཚོ་གནས་བྱས་པའི་ལོ་རབས་ལ་དུས་ཡུན་རིང་བོར་རྩོད་གླིང་ཧ་ཅང་ཆེ། ཧྥ་རན་སེའི་མཁས་པ་ཏའེ་མེ་ཝའེ་ཨན་ཨུ་ཅིན་གྱིས་འདོད་པ་ལྟར་ན་ཁོ་རང་བཞུགས་པའི་དུས་ནི་དུས་རབས10ཡིན་པ་དང་། འཇར་པན་གྱི་མཁས་པ་ཀའོ་ཐེན་ཧྲི་ཤུང་སོགས་ཀྱིས་ཀྱང་ལྟ་བ་དེར་གཅིག་མཐུན་བྱུང་ཡོད། མིང་གྲགས་ཆེ་བའི་བོད་རིག་པ་བ་བཀྲ་ཤིས་ཚེ་རིང་གིས་འདོད་ཚུལ་ལྟར་ན་བདེ་བ་འཕགས་གྲུབ་ནི་དུས་རབས་བརྒྱད་པའི་ནང་དུ་བཙན་པོ་སྲུང་བཙན་སྒམ་པོའི་སྐབས་སུ་བོད་དུ་ཕེབས་པའི་སློབ་དཔོན་པད་མ་འབྱུང་གནས་ཡིན་པར་འདོད། ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ཞིབ་འཇུག་ཚོགས་པས《འཕགས་ཡུལ་གྱི་པཎྜི་ཏ་བདེ་བ་འཕགས་གྲུབ་ཀྱི་རྣམ་ཐར་མདོར་བསྡུས》ལ་ཞིབ་འཇུག་བྱས་པ་བརྒྱུད། ཁོ་རང་འཚོ་གནས་བྱས་པའི་དུས་ནི་དུས་རབས8པ་ནས9བའི་བར་ཡིན་པ་བདེན་དབང་བྱས་ཡོད་པས། སློབ་དཔོན་པད་མ་འབྱུང་གནས་དང་འབྲེལ་བ་མེད་པ་རེད།

མཐའ་འགྲམ་མི་རིགས་ཁག་གི་རིག་གནས་ནང་འདྲེན་བྱེད་པ་ནི་བཙན་པོའི་རྒྱལ་རབས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་གཅིག་ཡིན་པས། ནང་བསྟན་རིག་གནས་ཁོ་ན་ཡིན་ཡང་། འཕགས་ཡུལ་ནས་ནང་ཆོས་བོད་དུ་དྲངས་ཡོད་པ་མ་ཟད། ཐང་རྒྱལ་རབས་ཀྱི་དར་རྒྱས་ཆེ་བའི་ནང་ཆོས་རིག་གནས་ལའང་དོ་སྣང་ཆེན་པོ་གནང་ཡོད། ཐ་ན་ཡ་གླིང་དཀྱིལ་དབུས་ས་ཁུལ་གྱི་ནང་ཆོས་རིག་གནས་ཀྱིས་ཀྱང་བཙན་པོའི་རྒྱལ་རབས་ཀྱི་རིག་གནས་ལ་ཤུགས་རྐྱེན་ཐེབས་ཡོད། ཚེ་རིང་གིས་འདོད་ཚུལ་ལྟར་ན། ཏུན་ཧོང་གི་བོད་ཡིག་ནང་བསྟན་ཡིག་ཆ་ཁག་གིས་ཐང་རྒྱལ་རབས་ཀྱིས་བཙན་པོའི་རྒྱལ་རབས་ཀྱི་རིག་གནས་ལ་ཤུགས་རྐྱེན་གང་འདྲ་ཐེབས་པ་དངོས་འཛིན་སྔར་ལས་ཇེ་ཟབ་དུ་བཏང་ཡོད། འབྲེལ་ཡོད་ཡིག་ཆ་ཁག་ཏུ་བཀོད་མེད་པ་ཁ་གསབ་བྱས་ཡོད་པ་མ་ཟད། ལོ་རྒྱུས་ཞིབ་ཚགས་གནས་ཚུལ་མང་པོ་མཁོ་འདོན་བྱས་ཡོད།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཞིབ་འཇུག་མངའ་ཁོངས་རྒྱ་བསྐྱེད་ཡོད་པ།

ཚེ་རིང་གིས་བསྟན་དོན། “ཧྥ་རན་སེའི་ཏུན་ཧོང་གི་བོད་ཀྱི་གནའ་ཡིག་ནང་བསྟན་གཞུང་ལུགས་ཡིག་བསྒྱུར་བསྡུ་སྒྲིག་ཞིབ་འཇུག”ཞེས་པ་ལེགས་འགྲུབ་བྱུང་བ་ཡིས། ཏུང་ཧོང་གི་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆར་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་བཟོས་ཡོད། ཏུན་ཧོང་གི་བོད་ཡིག་ནང་བསྟན་ཡིག་ཆའི་གྲངས་འབོར་ཆེ་བས། སྔར་ལས་ཞིབ་འཇུག་ཞིབ་ཚགས་ཟབ་མོ་མ་བྱས་ཚེ། ཕྱོགས་ཡོངས་ནས་བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་བསྟན་ཆོས་ལུགས་དང་ཡང་ན་བཙན་པོའི་རིག་གནས་ཀྱི་རྣམ་པ་གསལ་བོ་ཕྱིར་མངོན་བྱེད་མི་ཐུབ། ཏུན་ཧོང་གི་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆར་ཞིབ་འཇུག་བྱ་རྒྱུ་ནི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་གྲུབ་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲུན་ཆེན་དབྱིན་གྱིས་འདོད་ཚུལ་ལྟར་ན། ཏུན་ཧོང་གི་བོད་ཡིག་ལག་བྲིས་མའི་ཁྲོད་ཀྱི་བསྟན་བཅོས་མང་པོ་འགྲེལ་བཤད་དང་བསྒྱུར་འབྲི། ཡིག་བསྒྱུར། ད་དུང་འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་བསྡུར་ཞིབ་འཇུག་སོགས་བྱས་པ་ཡིས། ཧྥ་རན་སེའི་ཏུན་ཧོང་བོད་ཡིག་ནང་བསྟན་ཡིག་ཆ་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་བསྐྲུན་ཡོད་པས། རྗེས་ཕྱོགས་སུ་དབྱིན་ཇིའི་ཏུན་ཧོང་བོད་ཡིག་ནང་བསྟན་ཡིག་ཆར་ཞིབ་འཇུག་བྱེད་པར་རིག་གཞུང་རིན་ཐང་ཆེན་པོ་ཡོད།

དཔལ་འབར་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར། ཧྥ་རན་སེའི་ཏུན་ཧོང་བོད་ཀྱི་གནའ་ཡིག་ནང་བསྟན་ཡིག་ཆ་ཡིག་བསྒྱུར་བསྡུ་སྒྲིག་ཞིབ་འཇུག་བྱེད་སྐབས་འཐུས་ཚབ་རང་བཞིན་ལྡན་པའི་ནང་བསྟན་ཡིག་ཆ་འགའ་ལ་འགྲེལ་བཤད་གསལ་བོ་གནང་ཡོད། དཔེ་རྐྱང་ཞིབ་འཇུག་ཐབས་དེས་རིག་གཞུང་པའི་སྡེ་ལ་རྒྱུ་ཆ་མང་པོ་བསྐྲུན་ཡོད་པ་དང་། ལས་གྲོགས་ཞིབ་འཇུག་པ་ཚོར་རིག་གཞུང་དྲན་བསྐུལ་གྱི་ནུས་པ་ཐོན་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་འབྲེལ་བའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པ་ཚད་ངེས་ཅན་ཞིག་ཏུ་གོང་འཕེལ་བཏང་ཡོད། །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་སྲིད་གཞུང་བསྐྲུན་པར་འབད་བརྩོན་
  • ལེ་ཚན་རྗེས་མ།:ཀྲུང་གོ་གསེར་གཏེར་སྡེ་ཚོགས་རྒྱ་མ་གསེར་གཏེར་ས་ཁུལ་གྱི་རི་ཞིག་ཉིལ་ཏེ་མི་གྱ་གསུམ་རིའི་འོག་ཏུ་མནན་པ།
  • དོ་སྣང་ཆེ་བའི་རྩོམ།