དགེ་རྒན་ཆེན་མོ་འཇམ་དབྱངས་ཆོས་འཕེལ་གྱིས་སི་ཏན་ཧྥུ་སློབ་ཆེན་དུ་འཆད་ཁྲིད་གནང་།

    མཚོ་སྔོན་པོ་དྲ་བ།    2013-03-29

དགེ་རྒན་ཆེན་མོ་འཇམ་དབྱངས་ཆོས་འཕེལ་གྱིས་སི་ཏན་ཧྥུ་སློབ་ཆེན་དུ་འཆད་ཁྲིད་གནང་།
དགེ་རྒན་ཆེན་མོ་འཇམ་དབྱངས་ཆོས་འཕེལ།

  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རོལ་མོ་ཁྱབ་སྒྲོག་དང་། སི་ཏན་ཧྥུ་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གཉིས་དབར་གྱི་དུས་རྒྱུན་རིག་གཞུང་འབྲེལ་འདྲིས་དང་ན་གཞོན་སློབ་མ་དབར་གྱི་མཛའ་བརྩེ་ལ་ཤུགས་སྣོན་པར། ཨ་རིའི་སི་ཏན་ཧྥུ་སློབ་ཆེན་གྱི་གདན་ཞུས་འོག ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་མོ་སློབ་གླིང་གི་དགེ་རྒན་ཆེན་མོ་འཇམ་དབྱངས་ཆོས་འཕེལ་གྱིས་དགུན་གནང་གི་དུས་སྐབས་བེད་སྤྱད་དེ་སི་ཏན་ཧྥུ་སློབ་ཆེན་རོལ་མོ་སློབ་གླིང་གི་དགེ་སློབ་རྣམས་ལ་ཀྲུང་གོའི་བོད་རྒྱུད་ནང་ཆོས་རོལ་དབྱངས་སྐོར་ནས་འཆད་ཁྲིད་གནང་སྟེ་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།

ཐེངས་འདིའི་འབྲེལ་འདྲིས་ལས་སློབ་གྲྭ་འདིའི་དགེ་སློབ་རྣམས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རོལ་མོར་རྒྱུས་ལོན་ཅུང་ཙམ་བྱེད་ཐུབ་པ་བྱུང་ཞིང་། རྗེས་ཕྱོགས་སློབ་གྲྭ་ཕྱོགས་གཉིས་ཕན་ཚུན་འབྲེལ་འདྲིས་བྱེད་པར་སྟེགས་བུ་བསྐྲུན་ཡོད་པ་རེད།


 

  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐ
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་སྲིད་གཞུང་བསྐྲུན་པར་འབད་བརྩོན་
  • དོ་སྣང་ཆེ་བའི་རྩོམ།