ལིས་ཁི་ཆཱང་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།(2)
སྐལ་བཟང་སྐྱིད། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-03-08
ཞབས་ཞུ་ལས་རིགས་དང་བཟོ་ལས་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། མཁར་གྲོང་ཅན་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཚེ།ལ ས་ཞུགས་ཀྱི་ཤོང་ཚད་ཇེ་ཆེར་བཏང་སྟེ། ཐོན་ཁུངས་གྲོན་ཆུང་བྱས་ནས་བཀོལ་བ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་ལས་དེང་རབས་ཅན་དུ་གཏོང་རྒྱུར་སྔར་ལས་དོ་སྣང་ཆེན་པོ་བྱས་ཏེ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཞེས་གསུངས།ལིས་ཁི་ཆཱང་གིས་བཟོ་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་དགོས་ཚེ། རྒྱུན་ཆད་མེད་པར་དམངས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱ་དགོས། མི་དམངས་མང་ཚོགས་ཀྱི་མ་མཐའི་འཚོ་བའི་ཁྱབ་ཁོངས་ནས། རྒྱུན་ཆད་མེད་པར་དམངས་འཚོའི་བཟོ་སྐྲུན་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ཏེ། གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ཡོང་སྒོ་བགོ་བཤའ་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་པ་དང་མཁར་གྲོང་རྣམ་པ་གཉིས་ཅན་གྱི་སྒྲིག་གཞི་དང་གྲོང་ཁྱེར་ནང་ཁུལ་གྱི་རྣམ་པ་གཉིས་ཅན་གྱི་འཕེལ་སྟངས་ཀྱི་གནད་དོན་ལ་དོ་སྣང་བྱས་ཏེ། ཁང་རྙིང་གཞིས་སྡོད་ས་ཁུལ་གྱི་བཅོས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སྤྱི་གླ་ཁང་བ་སོགས་འགན་སྲུང་རང་བཞིན་གྱི་ཁང་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྔར་ལས་ཀྱང་བཅོས་སྒྱུར་ཟབ་མོ་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་ལེགས་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཞིག་འདོན་སྤྲོད་བྱ་དགོས་ཞེས་བསྟན།ལིས་ཁི་ཆཱང་གིས་ལེའོ་ཉིན་ཞིང་ཆེན་གྱིས་ཁྱད་ཆོས་ལྡན་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། རྣམ་པ་བསྒྱུར་བའི་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་མང་འཕར་དང་སྡོད་དམངས་ཀྱི་ཡོང་སྒོ། འཕེལ་རྒྱས་ཀྱི་ཕན་འབྲས་བཅས་ཆ་སྙོམས་ཀྱིས་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱས་ནས །བཟོ་ལས་རྟེན་གཞི་རྙིང་བ་སྔར་ལས་ཀྱང་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན།