ལིས་ཁི་ཆཱང་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

སྐལ་བཟང་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-08

ལིས་ཁི་ཆཱང་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

 

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། གྲོས་ཚོགས་སྟེང་འཐུས་མི་ཚོས་སྔ་གཞུག་ཏུ་གཏམ་བཤད་པས། ཚོགས་རར་གསོན་ཤུགས་ཀྱིས་ཁེངས་ལ། ལིས་ཁི་ཆཱང་གིས་འཐུས་མི་ཚང་མ་དང་ལྷན་དུ་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བའི་ཇུས་ཆེན་ལ་གྲོས་སྡུར་མཛད།འཐུས་མི་ཚོའི་གཏམ་བཤད་ལ་ཐུགས་ཞིབ་མོས་གསན་རྗེས། ལིས་ཁི་ཆཱང་གིས་ཙུང་ལི་ཝུན་ཅཱ་པའོ་ཡིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་བརྗོད་དོན་གཙོ་བོའི་ཁ་ཕྱོགས་དང་བླང་བྱ་མངོན་པར་མཚོན་ཡོད་ཅིང་། དངོས་ཐོག་བདེན་འཚོལ་དང་མི་སེམས་ཡར་སྐུལ་བྱེད་ཐུབ་པའི་སྙན་ཞིག་ཡིན་ཕྱིར། ང་རང་དེར་འཐད་པ་ཡིན་ཞེས་གསུངས། ཁོང་གིས་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་ལྟར་དུ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འཚོལ་སྙེག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་ཞིང་། འཕེལ་རྒྱས་དང་རྒྱུ་སྤུས་ཀྱི་ཕན་འབྲས་རིམ་བཞིན་ཇེ་མཐོར་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།ལིས་ཁི་ཆཱང་གིས་ལེའོ་ཉིན་ཞིང་ཆེན་གྱིས་འདས་པའི་ལོ་ངོ་གཅིག་གི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བཅོས་སྒྱུར་སྒོ་འབྱེད་ནི་བཟོ་ལས་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བའི་བགྲོད་ལམ་ཉག་ཅིག་ཡིན་པས། ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་བརྒྱུད་རིམ་བཅོས་སྒྱུར་བྱེད་པའི་ཐད་ནས་ཧུར་ཐག་འབད་འབུངས་སྒོས་ཐོལ་བརྒལ་བྱུང་སྟེ།ཐོན་ལས་གང་ལེགས་སྒོས་རིམ་པ་འཕར་བར་སྐུལ་འདེད་བཏང་ནས་དངོས་ཕུང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཤིང་། བཅོས་སྒྱུར་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་རུ་བསྐྱེད་དེ་ནང་མཁོ་རྒྱ་ཆེ་རུ་བསྐྱེད་པ་དང་མཚོ་རྒྱུད་དཔལ་འབྱོར་སྤེལ་སའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ལ་ཧུར་ཐག་སྒོས་ཞུགས་ཏེ། མཚོ་རྒྱུད་ས་ཁུལ་དང་ནང་ལོག་འབྲེལ་འདྲིས་བརྗེ་རེས་གང་ལེགས་བྱེད་པ་དང་ལྟེ་གནས་གྲོང་ཁྱེར་དང་རྫོང་ཁོངས་དཔལ་འབྱོར་གྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པའི་གནས་བབ་ལེགས་པོ་ཞིག་ཆགས་སུ་འཇུག་དགོས་ཞེས་བསྟན།ལིས་ཁི་ཆཱང་གིས་བཟོ་ལས་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཚེ། ངེས་པར་དུ་བཟོ་ལས་ཅན་དང་མཁར་གྲོང་ཅན། དེ་མིན་ཞིང་ལས་དེང་རབས་ཅན་བཅས་འགྱུར་བ་གསུམ་ཆ་སྙོམས་ཀྱིས་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱ་དགོས་ཤིང་། གསར་སྐྲུན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཚེ། བཟོ་ལས་ཀྱི་གསར་སྐྲུན་ཆུ་ཚད་ཇེ་མཐོར་བཏང་སྟེ། ཞབས་ཞུའི་ལས་རིགས་དང་ནང་སྒོས་སུ་ཐོན་ལས་རང་བཞིན་གྱི་ཞབས་ཞུ་ལས་རིགས་གང་མགྱོགས་སྒོས་འཕེལ་རྒྱས་སུ་བཏང་ནས།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།