ཞིང་ཆེན18ཀྱི་ཏང་ཨུ་སྲིད་གཞུང་གིས་ཡུན་ནན་ལ་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.43བཏང་ནས་རོགས་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2014-08-13

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས5ཉིན་འབྱོར་བའི་གཏམ་གསར། དམངས་སྲིད་པུའུ་ཡི་དྲ་བའི་ཐོག་གོང་ཚེས་ཉིན་བསྒྲགས་པའི་ཆ་འཕྲིན་ལ་ལྟར་ན། ཚེས5ཡི་དུས་ཚོད16གི་བར་དུ་སླེབས་སྐབས། ཞིང་ཆེན18ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་ལ་གནོད་སྐྱོབ་མ་དངུལ་སྒོར་ཁྲི14300བཏང་ནས་རོགས་སྐྱོར་བྱས་པ་རེད།
དམངས་སྲིད་པུའུ་ཡི་དྲ་བའི་ཐོག་བཤད་པར་ལྟར་ན།  དམངས་སྲིད་པུའུ་ཡིས་ཀྲུང་དབྱང་གི་གནོད་སྐྱོབ་དངོས་རྫས་དེ་པེ་ཅིན་དང་ཧོ་ཧྥེ། ཧུའུ་ཀྲུའུ། ཀྲེན་ཀྲུའུ། ཝུ་ཧན། ནན་ཉིང་། ཁྲེང་ཏུའུ་བཅས་གསོག་འཇོག་བྱེད་སའི་བང་མཛོད་དང་ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན།དམག་སྡོད་ལས་ཁུངས་སོགས་དང་མཐུན་སྦྱོར་བྱེད་དགོས་ལ། ཀྲུང་དབྱང་གི་གནོད་སྐྱོབ་གསོག་འཇོག་དངོས་རྫས་བང་མཛོད་ནས་ཕྱིར་ལེན་པ་དང་རླངས་འཁོར་དུ་བླུག་པ། སྐྱེལ་འདྲེན་བཅས་བྱས་ཏེ་གནོད་སྐྱོན་ཐེབས་ཁུལ་དུ་འབྱོར་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་རེད། མིག་སྔར། གོང་སྨོས་ཀྱི་གསོག་འཇོག་བྱེད་སའི་བང་མཛོད་ནས་གཏོང་སྤྲོད་བྱེད་པའི་ཀྲུང་དབྱང་གནོད་སྐྱོབ་གསོག་འཇོག་དངོས་རྫས་ཚང་མ་རླངས་འཁོར་དུ་བླུག་སྟེ་གཏོང་འདྲེན་བྱས་ཡོད། སྔོན་རྩིས་བྱས་ན་ཟླ་བ8པའི་ཚེས7ཉིན་རྒྱུན་མཐུད་ངང་གནོད་ཐེབས་ཁུལ་དུ་འབྱོར་རྒྱུ་རེད། ཀྲུང་དབྱང་གནོད་སྐྱོབ་དངོས་རྫས་ཁུན་མིང་གི་གསོག་འཇོག་བྱེད་སའི་བང་མཛོད་ནས་གཏོང་སྤྲོད་བྱེད་པའི་དངོས་རྫས་རྣམས་ལུའུ་ཏེན་རྫོང་དང་ཆའོ་ཅ་རྫོང་། ཧུའེ་ཙེ་རྫོང་བཅས་སུ་འབྱོར་ཞིང་། གནོད་སྐྱོན་ཐེབས་ཁུལ་དམངས་སྲིད་སྡེ་ཁག་གིས་གནོད་སྐྱོབ་དངོས་རྫས་གཏོང་སྤྲོད་བྱ་རྒྱུའི་ལས་ཀ་སྒྲིག་འཛུགས་བྱེད་བཞིན་ཡོད། 
  • ལེ་ཚན་སྔོན་མ།:ལི་ཅ་ཁྲེང་ཐེབས་རྩ་ཚོགས་པས་ཡུན་ནན་འགུལ་འགོག་གནོད་སེལ་ལ་སྒོར་ཁྲི3000ཞལ་འདེབས་རོགས་སྐྱོར་ཕུལ།
  • ལེ་ཚན་རྗེས་མ།:2014ལོའི་ཞོ་སྟོན་དུས་ཆེན་ཟླ8པའི་ཚེས25ཉིན་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།