མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-10-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། དབྱི་རག་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་ལག་ནས་མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་འགུལ་སྐྱོད་སྤེལ་བའི་ཐད་ནས་གྲོས་བསྡུར་བྱས།
བསྒྲགས་པ་ལྟར་ན། ཁོ་གཉིས་ཀྱིས་དེའི་སྔོན་མགོ་བརྩམས་པའི་དབྱི་རག་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་ལག་ནས་མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་འགུལ་སྐྱོད་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ཕུའུ་ཅིན་གྱིས་དབྱི་རག་གི་དམག་དཔུང་དང་དེའི་མནའ་མཐུན་གྱིས་སྔོན་ནས་བཀོད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པའི་སྨོན་འདུན་ཞུས། ཨུ་རུ་སིའི་ཙུང་ཐུང་གིས་བསྟན་དོན། དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་གྲོས་མོལ་བྱེད་སྐབས་སི་རི་ཡཱའི་གནས་བབ་ཐག་གཅོད་པའི་གནད་དོན་སྣ་ཚོགས་ཐད་ནས་སྔར་ལས་མཉམ་ལས་བཟང་བོ་བྱེད་པའི་ཐུན་མོང་གི་རེ་འདུན་ཡོད་པའི་ཚུལ་བསྟན།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10