ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2016-10-21

 

 

ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་གྱི་སྔ་དྲོར། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཡིས2016ལོའི(རྒྱ་ཆེའི)ཚོགས་འདུ་ཐེངས་ཉི་ཤུ་པ་འཚོགས་ནས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་ཡོད་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་བསོད་ནམས་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནང་བསྟན་མཐུན་ཚོགས་ལས་དོན་གྱི་ཤུགས་རྒྱག་ས་དང་དོན་ལ་འབབ་སར་བརྩིས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་པ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་རྒྱས་བཤད་ལས་དོན་ཡག་པོ་སྤེལ་ཏེ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པ་ཡོད་པའི་བསམ་བློ་སྔོག་འདོན་བྱེད་དགོས་པ། 《བོད་ལྗོངས་ནང་བསྟན》གྱི་དུས་དེབ་དང་བོད་ལྗོངས་ནང་བསྟན་གྱི་དྲ་ཚུགས་ཡག་པོ་གཉེར་ཏེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ། བོད་བརྒྱུད་ནང་བསྟན་གྱི་ཕྱི་ཕྱོགས་དང་སྤེལ་རེས་འགྲོ་འོང་བྱེད་པའི་ལས་དོན་ཡག་པོ་སྤེལ་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་མངོན་དགོས་པ། ལས་འཛིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་རྩོད་རྒྱུར་སྐུལ་འདེད་གཏོང་དགོས་པ། ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ་ནང་བསྟན་མཐུན་ཚོགས་ལས་ཁུངས་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་དུ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱིས་ཕྱུག་འགྱུར་གྱི་ལམ་བུ་བཏོད།
  • ལེ་ཚན་རྗེས་མ།:ཕུའུ་ཅིན་གྱིས་དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཚར་གཅོད་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
  • དོ་སྣང་ཆེ་བའི་རྩོམ།