2012ལོ་ནས་ཞིང་ཆེན་ནང་ཁུལ་གྱི་རེས་དང་པོའི་ལོ་ལྔའི་ཁ་གཏད་རོགས་སྐྱོར་ལས་ཀ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁྲེང་ཏུའུ་དང་དབྱི་པིང་། ལུའུ་ཀྲོའུ། ལའོ་ཧྲན། ནན་ཁྲུང་། གཡག་རྔ་བཅས་གྲོང་ཁྱེར་དྲུག་གིས་རང་ཁུལ་གྱི་རྫོང་ཁག18ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར་དུ། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དང་དེ་མིན་གྱི་རོགས་སྐྱོར་མ་དངུལ་བཅས་བསྡོམས་འབོར་སྒོར་དུང་ཕྱུར22.46བཏང་ཞིང་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར4ལྷག་བཏང་ཡོད་པ་རེད། ལས་གཞི520ལག་བསྟར་བྱས་ཤིང་ལས་གཞི518ལས་འགོ་བཙུགས་པ་དང་ལས་གཞི383ལེགས་གྲུབ་བྱུང་ཡོད་ལ་རོགས་སྐྱོར་བྱེད་མཁན་གྱིས་མ་དངུལ་སྒོར་དུང་ཕྱུར13.67བཏང་གྲུབ་བྱུང་ཡོད། གྲོང་ཁྱེར་དྲུག་གིས་བོད་སྐྱོར་འཇོན་ལྡན་ལས་བྱེད་པ1294བདམ་མངགས་བྱས་ཤིང་རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་པ1192ལ་འགན་ཁྱེར་སློབ་སྦྱོང་དང་ཡང་ན་གསོ་སྦྱོང་གི་དང་ལེན་ཞུས་པ་རེད།
ལོ་ལྔའི་རིང་ལ་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕན་ཚུན་གྱིས་ཐུན་མོང་གིས་ལས་ཀའི་ལམ་ལུགས་དང་བསམ་ཕྱོགས། འཆར་འགོད་སྣེ་ཁྲིད། ལས་གཞི་དོན་འཁྱོལ། སྤེལ་རེས་མཉམ་ལས་བཅས་ཀྱི་ཐད་ལ་འབད་འབུངས་བྱས་པས་ཁ་གཏད་རོགས་སྐྱོར་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།