བོད་ལྗོངས་འཕྲིན་དྲ། 2016-10-26
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་། བོད་ལྗོངས་ཀྱིས་ནགས་རར་སྲུང་སྐྱོབ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་སྤྱི་ཕན་ནགས་རའི་ཆེད་ལས་ཅན་གྱི་དོ་དམ་སྲུང་སྐྱོབ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཐེབས་རྩ་སོགས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས། བོད་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ཁྱོན་ཡོངས་ལ་ཁྱབ་པ་དང་མི་རེའི་ནགས་ཚལ་གྱི་རྒྱ་ཁྱོན་དང་མི་རེའི་ནགས་ཚལ་གསོག་ཚད། མི་རེའི་རང་བྱུང་ནགས་ཚལ་གསོག་ཚད་སོགས་ཚད་གཞི་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད།
བོད་ལྗོངས་ནི་རྒྱལ་ཡོངས་ཁྱོན་ནས་ནགས་ཚལ་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་དང་ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ཡག་པོ་བྱེད་ཆེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་རང་ལྗོངས་ཀྱི་ནགས་ཚལ་སྤྱི་ཆིང་ཁྲི་ཚོ1000ལྷག་ཀྲུང་དབྱང་ནོར་སྲིད་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཁྱབ་ཁོངས་ནང་བཅུག་པ་རེད། 2015ལོར་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་གཞུང་ཁོངས་སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་ལོའི་ཚད་གཞི་དེ་མུའུ་རེར་སྒོར7བར་མཐོ་རུ་བཏང་བ་མ་ཟད་དོ་དམ་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར3ཙམ་མཐོ་རུ་བཏང་བ་དང་། 2016ལོར་རྒྱལ་ཁབ་ཀྱིས་སླར་ཡང་བོད་ལྗོངས་ཀྱི་གཞུང་ཁོངས་སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་ལོའི་ཚད་གཞི་དེ་མུའུ་རེར་སྒོར9བར་མང་དུ་བཏང་བས་བོད་ལྗོངས་ཀྱི་སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་མ་དངུལ་སྒོར་དུང་ཕྱུར13.73ཟིན་ཡོད།
སྤྱི་ཕན་ནགས་ཚལ་དོ་དམ་བདག་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་བོད་ལྗོངས་ཀྱིས་ཁག་དང་པོའི་ཆེད་ལས་དོ་དམ་བདག་སྐྱོང་དཔུང་ཁག189བཙུགས་པ་དེ་ལྗོངས་ཡོངས་ཀྱི་རྫོང(ཆུས)31གི་ནགས་ཚལ་ཡོད་པའི་ཤང་གྲོང་རྡལ207དང་སྡོང་ཐུང་ནགས་ཚལ་ཡོད་པའི་ཤང་གཅིག་ཚུད་ཡོད་ཅིང་། ཆེད་ལས་དོ་དམ་བདག་སྐྱོང་དཔུང་ཁག208ཀྱིས་ཆེད་ལས་དོ་དམ་བདག་སྐྱོང་པ1113གདན་ཞུ་བྱས་པས་བོད་ལྗོངས་ཀྱི་སྤྱི་ཕན་ནགས་ཚལ་དོ་དམ་བདག་སྐྱོང་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་ཐུབ་པ་བྱུང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10