རང་ཁུལ་གྱི་དབུལ་སྐྱོར་དངུལ་བུན་ཆུང་གྲས་བཏང་ཚད་སྒོར་དུང་ཕྱུར་ལས་བརྒལ།
སྐལ་བཟང་རྒྱ་མཚོས་བསྒྱུར། 2016-10-25
ད་ལོ་ནས་བཟུང་། མི་དམངས་དངུལ་ཁང་དཀར་མཛེས་ཁུལ་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཁུལ་དངུལ་རྩ་གཞུང་ལས་ཁང་དང་ནོར་སྲིད་ཅུས། དབུལ་སྐྱོར་གཞུང་ལས་ཁང་བཅས་དང་མཉམ་དུ་འཆར་གཞི་གཅིག་དང་སྒྲིག་སྲོལ་གསུམ་བཏོན་པ་དང་ཡུལ་དངོས་སུ་ལྟ་སྐུལ་སློབ་སྟོན་བྱེད་པ། ཆེད་དོན་ཚོགས་འདུ་འཚོགས་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། རྫོང་ཁག་སོ་སོའི་སྲིད་གཞུང(གྲོང་ཁྱེར)གྱིས་ཉེས་ཟོན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡིག་ཚགས་རྒྱུས་བྱང་བཟོས་པའི་དབུལ་ཕོངས་དུད་ཚང་ལ་དབུལ་སྐྱོར་འབོར་ཉུང་ཡིད་རྟོན་དངུལ་བུན་སྤྲད་པར་སྐུལ་འདེད་བཏང་བ་རེད།
ཟླ9པའི་ཟླ་མཇུག་བར། རང་ཁུལ་གྱིས་དབུལ་སྐྱོར་ཡིད་རྟོན་དངུལ་བུན་ཆུང་གྲས་ཉེན་འགོག་ཐེབས་རྩ་སྒོར་ཁྲི10677.3གྲབས་གསོག་བྱས་ཡོད་པར་མ་ཟད་སྒོར་ཁྲི7552དོན་ཐོག་ཏུ་བབས་པ་རེད། རིམ་པ་སོ་སོའི་ཡིད་རྟོན་བྱ་ཡུལ་གྱི་དབུལ་ཕོངས་དུད་ཚང4817ལ་དཔྱད་འཇོག་བྱས་ཤིང་ཡིད་རྟོན་དངུལ་བུན་སྒོ་ཁྲི25879སྤྲད་པ། རིམ་རྩིས་བྱས་ན་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་སྔ་ཕྱི་རུ་སྒོར་ཁྲི14289དངུལ་བུན་བཏང་རྗེས་ད་དུང་དངུལ་བུན་གཏང་སའི་སྒོར་ཁྲི11389ལུས་ཡོད། དབུལ་ཕོངས་ཀྱི་དུད་ཚང4817ལ་ཕན་ཐོགས་ཤིང་དེ་དག་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་དབུལ་ཕོངས་ལས་ཐར་ཞིང་ཡོང་སྒོ་འཕར་སྣོན་ཡོང་སའི་མ་རྩའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད། (སྐལ་བཟང་རྒྱ་མཚོས་བསྒྱུར།)