སུན་ཁྲུན་ལན་གྱིས་སི་ཁྲོན་དུ་བརྟག་དཔྱད་ཞིབ་འཇུག་གནང་།

ཨ་མགོན་གྱིས་བསྒྱུར།        2016-10-25

སྤྱི་ཟླ10པའི་ཚེས16ནས18ཉིན་གྱི་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་སི་ཁྲོན་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ནན་གསུང་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ནས་འདུ་ཤེས་བཞི་བརྟན་པོ་ཆགས་པ་བྱ་དགོས། ནུས་ཤུགས་ཡོད་རྒུས་དམངས་གཙོ་ཏང་ཤོག་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ནས་ཏང་མང་མཉམ་ལས་ཀྱི་ཆབ་སྲིད་རྣམ་པ་སྲ་བརྟན་བཏང་སྟེ་ཆོས་ལུགས་ཁྱབ་ཁོངས་ནང་འཆམ་མཐུན་བརྟན་བརླིང་སྲུང་འཛིན་བྱ་དགོས།
དམངས་གཙོ་ཏང་ཤོག་གི་འགན་ཁུར་མི་སྣ་དང་བཞུགས་མོལ་གནང་སྐབས་སུན་ཁྲུན་ལན་གྱིས་སི་ཁྲོན་ཞིང་ཆེན་གྱི་ཏང་མང་མཉམ་ལས་དང་དམངས་གཙོ་ཏང་ཤོག་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། སུན་ཁྲུན་ལན་གྱིས་བསྟན་དོན། ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་རྒྱུ་དང་ཐུན་མོང་གི་ངོས་འཛིན་སྲ་བརྟན་གཏང་རྒྱུ། ཐུན་མོང་གི་ངོས་འཛིན་ཟབ་མོ་ཆགས་པ་བྱ་རྒྱུ་ནི་ཏང་མང་མཉམ་ལས་ཀྱི་ཡུན་གཏན་བརྗོད་གཞི་ཡིན་ལ། དམངས་གཙོ་ཏང་ཤོག་རང་ངོས་འཛུགས་སྐྱོང་བྱ་རྒྱུའི་ལྟེ་བའི་ལས་འགན་ཡང་ཡིན་པ་རེད།
འབྲེལ་ཡོད་ཆོས་ལུགས་གནད་དོན་ཐད་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག  སུན་ཁྲུན་ལན་གྱིས་ཏང་སྲིད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག   ཆོས་ལུགས་ལས་རིགས་མི་སྣ་དང་བསམ་འཆར་བརྗེ་རེས་གནང་བ་རེད། སུན་ཁྲུན་ལན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་སྙིང་དོན་སློབ་སྦྱོང་ཟབ་མོ་བྱས་ཏེ་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་སུ་ཐོན་པའི་གནད་དོན་ཐག་གཅོད་བྱ་དགོས། ཆོས་ལུགས་ཚོགས་པ་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་ལས་སྒྲུབ་མི་སྣའི་བྱང་ཚད་ཇེ་ཡག་ཏུ་གཏང་དགོས། སུན་ཁྲུན་ལན་གྱིས་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་དང་ཆོས་གཅེས་གཉིས་ནུས་ལྡན་གྱིས་ཟུང་འབྲེལ་བྱས་ཏེ་སེམས་ཤུགས་དེ་གསུང་རབ་ཞིབ་འཇུག་སློབ་སྦྱོང་དང་དད་ལྡན་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུའི་ཐོག་བསྒྲིམས་ནས་འདུལ་ཁྲིམས་དང་བསྟན་པའི་གཞི་ནང་གི་རྒྱལ་གཅེས་ཁྲིམས་སྲུང་དང་།ཁ་དན་ཚིག་གནས། དགེ་བ་སྒྲུབ་པར་སྐུལ་བ་སོགས་ཀྱི་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་བྱས་ནས་རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་ཆོས་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ལས་ཀྱིས་བསླས་སྐྱོན་བཟོས་པར་ནན་འགོག་བྱ་དགོས ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་ཕྱི་ཕྱོགས་དགྲར་འཛིན་སྟོབས་ཤུགས་སིམ་འཛུལ་བྱས་ནས་གཏོར་བཤིག་གཏོང་བར་ནན་འགོག་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་ཐུགས་རེ་གནང་བ་རེད།།
  • ལེ་ཚན་སྔོན་མ།:སི་ཁྲོན་བོད་ཆའང་དབྱིས་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་བརྗེ་སྤེལ་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དབུལ་སྐྱོར་དངུལ་བུན་ཆུང་གྲས་བཏང་ཚད་སྒོར་དུང་ཕྱུར་ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།