《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2016-10-08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལས་འགོ་སྤེལ་བའི་ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་གཞིས་ཉེ་དུས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་དོན་ས་ཚིགས་བཙུགས་ཡོད། ལས་དོན་ས་ཚིགས་ཀྱིས་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་གནའ་དཔེ་ཡིག་ཚགས་ཀྱིས་རྨང་གཞི་བྱས་ནས། བོད་བཙན་པོའི་དུས་རབས་ནས་བོད་ལ་ཞི་བའི་བཅིངས་གྲོལ་མ་བཏང་གོང་གི་བོད་ཡིག་གི་གནའ་དཔེ་ཡིག་ཚགས་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་པར་སྐྲུན་བྱ་རྒྱུ་མ་ཟད། དེས་རྨང་གཞི་བྱས་པའི་འབྲེལ་ཡོད་གནའ་དཔེ་ཁག་ཅིག་གྲངས་གཞི་ཅན་དུ་བཟོ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོའི་ནང་གཙོ་བོ་བོད་ཀྱི་མཁས་དབང་རིམ་བྱོན་གྱི་གསུངས་རྩོམ་མ་དཔེ་བསྡུ་སྒྲིག་བྱས་ཡོད་དང་། རྩོམ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མིག་སྔར《བུ་སྟོན་གསུང་འབུམ》པོ་ཏི120ཙམ་དང་། 《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ》དེབ་གྲངས25པར་བསྐྲུན་བྱས་ཟིན་པ་རེད།

《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།

《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།

《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།

《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།

རང་རྒྱལ་གྱི་བོད་ཡིག་གནའ་དཔེ་འབོར་ཚད་མང་བ་དང་། ཁ་ཐོར་ཡིན་ཞིང་སྣེ་རིགས་མང་བ་ཡིན། རགས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་རྒྱལ་ནང་དུ་བོད་ཡིག་གནའ་དཔེ་ཡིག་ཚགས་པོ་ཏི་ས་ཡ6ལྷག་འཚོལ་རྙེད་ཐུབ་ཡོད་པ་དང་། དེའི་ཁྲོད་བོད་ལྗོངས་ཀྱི་གནའ་དཔེ་ཡིག་ཚགས་འབོར་གྲངས་ཀྱིས་བོད་ཁུལ་ཡོངས་ཀྱི་བརྒྱ་ཆ70%ཙམ་བཟུང་ཡོད། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཡག་པོ་གཏོང་ཆེད། 2013ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་གཞི་སྤེལ་འགོ་ཚུགས་པ་དང་། ལོ་བཅོ་ལྔའི་ནང་པར་བསྐྲུན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཏང་ཡོད། པར་བསྐྲུན་བྱ་རྒྱུའི་གནའ་དཔེའི་དུས་ཚོད་ཀྱི་ཆ་ནས་དུས་རབས་བདུན་པ་ནས་དུས་རབས་ཉི་ཤུའི་དུས་དཀྱིལ་བར་ཡིན་པ་དང་། འཆར་གཞི་ལྟར་ན་དེབ་ཀྱི་སྣེ་རིགས་མི་གཅིག་པ་ཁྲི་ཡན་བསྡུ་སྒྲིག་བྱ་རྒྱུ་ཡིན་འདུག་ཅིང་། དེའི་གོང་མཚོ་སྔོན་སློབ་ཆེན་སོགས་སློབ་ཆེན་ཁག་ཏུ་ཡང་ལས་དོན་ས་ཚིགས་བཙུགས་ཡོད་པ་རེད།   །

  • ལེ་ཚན་སྔོན་མ།:བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་གསར་གཏོད་སྡེ་གླིང་གི་གློག་རྡུལ་ཚོང་ལས་ཐོན་ལས་སྡེ་གླིང་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།