བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་གསར་གཏོད་སྡེ་གླིང་གི་གློག་རྡུལ་ཚོང་ལས་ཐོན་ལས་སྡེ་གླིང་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ།

    བོད་ལྗོངས་འཕྲིན་དྲ།    2016-10-08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས5ཉིན་གྱི་སྔ་དྲོ།  བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་གསར་གཏོད་སྡེ་གླིང་གི་གློག་རྡུལ་ཚོང་ལས་ཐོན་ལས་སྡེ་གླིང་རྣམ་གྲངས་དངོས་སུ་འཛུགས་སྐྲུན་ལས་འགོ་ཚུགས་པ་དང་།  རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་བོད་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་གསར་གཏོད་དང་མ་འཇོག  ཚོང་ལས་གསར་གཏོད་བཅས་ཀྱི་ལམ་བུ་བརྒྱུད་རིག་གནས་ཡུལ་སྐོར་དང་ཚོང་ལས་ཐོན་རྫས་ཕན་འབྲས་ལྡན་པའི་སྒོ་ནས་མཉམ་འདྲེས་ཐུབ་པ་བྱས་ནས།  བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་རེད།

བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་གསར་གཏོད་སྡེ་གླིང་ནི་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་སྡེ་གླིང་ཁུལ་དུ་གནས་ཡོད་པ་དང་རྒྱ་ཁྱོན་ལ་མུའུ300ཡོད་ཅིང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ25ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར17གཏོང་རྩིས་ཡོད་པ་མ་ཟད།  ལོ་ལྔའི་ནང་འཛུགས་སྐྲུན་ཟིན་པ་བྱེད་རྒྱུ་ཡིན་པས་རིག་གནས་དང་ཡུལ་སྐོར།  ཐོན་ལས།  ཚོང་ལས།  གློག་རྡུལ་ཚོང་ལས།  ཁེ་ལས་སྤྱི་ཁྱབ་པུའུ་གཞུང་ལས་ཁང་གི་རྟེན་གཞི་བཅས་གཅིག་ཏུ་བསྡུས་པའི་མཉམ་འདྲེས་རྣམ་པའི་ཐོན་ལས་གྲོང་ཁུལ་རྣམ་གྲངས་ཞིག་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་རྒྱལ་ནང་གི་ཕན་འབྲས་ཆེ་ཤོས་ཀྱི་གསར་གཏོད་རྣམ་པའི་མཉམ་འབྲེལ་གཞུང་ལས་སྟོང་ཆ་དང་ཕུལ་བྱུང་གི་ལས་ཀ་བྱེད་ས་སོགས་ནང་འདྲེན་བྱས་ཏེ།  ཐུན་མོང་ཐོག་མ་འཇོག་གིས་གསར་གཏོད་གཉིས་ཀྱི་རྟེན་གཞི་གཏོད་རྒྱུ་དང་།  མ་འཇོག་ཐེབས་རྩའི་སྟེགས་བུ་ནང་འདྲེན་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་མ་འཇོག་སྟེགས་བུ་གཏོད་རྒྱུ།  བོད་ལྗོངས་གློག་རྡུལ་ཚོང་ལས་ཐོན་ལས་སྡེ་གླིང་ནང་འདྲེན་བྱས་ཏེ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་ཚོགས་པ་གཅིག་བསྡུས་བྱེད་རྒྱུ།  བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས་ནང་འདྲེན་གྱིས་སྤྱི་ཁྱབ་ཁང་དུ་གཞུང་ལས་བྱས་ཏེ།  སྤྱི་ཁྱབ་གཞུང་ལས་ཁང་གི་ཁེ་ལས་སྡེ་གླིང་གཏོད་རྒྱུ་བཅས་རེད།   །

  • ལེ་ཚན་སྔོན་མ།:ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ།
  • ལེ་ཚན་རྗེས་མ།:《བོད་ཡིག་པར་མའི་ཀྲུང་ཧྭའི་རིག་མཛོད་ཆེན་མོའི》བོད་ལྗོངས་ལས་དོན་ཁང་བཙུགས།
  • དོ་སྣང་ཆེ་བའི་རྩོམ།