རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུས་ཡུན་ནན་གྱི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱིས་འགུལ་འགོག་གནོད་སེལ་གྱི་ལས་ཀ་ཁག་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2014-08-12

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས6ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་གནོད་འཕྲི་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་རིམ་པ6.5ཅན་གྱི་ས་འགུལ་བྱུང་བ་ནས་བཟུང་། རྒྱལ་ཁབ་ཀྱིས་བབ་བསྟུན་རོགས་སྐྱོབ་མ་ལག་གིས་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་ཡུན་ནན་གྱི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་གྱིས་འགུལ་འགོག་རྒུད་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ཚོ་ཆུང་གིས་ཧུར་ཐག་གིས་གཅིག་འགྱུར་མཐུན་སྦྱོར་བྱས་ཏེ་རྒུད་སྐྱོབ་བྱེད་པའི་དགོས་མཁོ་ལ་གཞིགས་ནས་རྒྱུན་ཆད་མེད་པར་རོགས་སྐྱོབ་དཔུང་སྡེ་དང་སྨན་བཅོས་ཆེད་རམས་པ། འཕྲུལ་ཆས་སྒྲིག་སྦྱོར། དངོས་རྫས་དང་སྨན་རྫས། བབ་བསྟུན་མ་དངུལ་སོགས་བསྣན་ནས་ས་གནས་ཀྱིས་མགྱོ གས་མྱུར་དུ་འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་སོ་སོ་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པ་རེད།     ཕྱིན་ཆད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་བཏང་བའི་འབྲེལ་ཡོད་བརྡ་ཐོའི་ནང་བཏོན་པའི་རེ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ཚོ་ཆུང་གིས་སྔར་ལྷག་གིས་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ལ་གཅིག་འགྱུར་མཐུན་སྦྱོར་བྱས་ཏེ། གནོད་སྐྱོན་ཐེབས་ཁུལ་གྱི་དགོས་མཁོ་ལ་གཞིགས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཀྲུང་དབྱང་དང་ས་གནས། དམག་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་རྒུད་སྐྱོབ་བྱེད་ནུས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད། དུས་རིམ་སྔ་མའི་ནང་བབ་བསྟུན་གྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར6བཏང་བའི་རྨང་གཞིའི་ཐོག་ཡང་དུ་སྒོར་དུང་ཕྱུར16སྣོན་རྒྱུ་ཡིན་པ་རེད། གནོད་སྐྱོན་ཐེབས་ཁུལ་གྱི་བགྲོད་ལམ་བདེ་བགྲོད་ཡོང་བའི་ཆ་རྐྱེན་བཟང་པོ་དམ་འཛིན་བྱས་ཏེ་མགྱོ གས་མྱུར་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་དང་བགོས་བཤའ་རྒྱག་རྒྱུ་ཡིན་པ་དང་།    རྨས་སྐྱོན་ཚབས་ཆེན་ཐེབས་མཁན་ཚོ་ཐག་ཉེ་སའི་ཞིང་ཆེན་དུ་སྤོས་ཏེ་སྨན་བཅོས་བྱེད་པར་མཐུན་སྦྱོར་དང་སྒྲིག་འཛུགས་བྱ་རྒྱུ།   ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པ།ནུས་ཤུགས་ལྡན་ལ་གོ་རིམ་ཡོད་པའི་སྒོ་ནས་གནོད་སྐྱོན་ཐེབས་ཁུལ་གྱིས་འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་ཁག་སྒྲུབ་པར་རོགས་སྐྱོར་ཡག་པོ་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་སྔར་ལས་ལྷག་པར་ཡུན་ནན་གྱི་འགུལ་འགོག་གནོད་སེལ་གྱི་ལས་ཀ་ཡག་པོ་སྤེལ་བར་བཀོད་སྒྲིག་གནང་།
  • ལེ་ཚན་རྗེས་མ།:ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་ལ་སྐུལ་སྤེལ་བྱས་ཏེ།གྲོང་སྡེའི་དཔལ་འབྱོར་གསོན་ཤུགས་ལྡན་པར་སྐུལ་མ་བཏང་།
  • དོ་སྣང་ཆེ་བའི་རྩོམ།