ཞིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་འབྱོར་བའི་གཏམ་གསར། མཚོ་རྒྱུད་ཀྱི་དམིགས་བསལ་ས་གཤིས་ལ་གཞིགས་ནས་བཟོས་པའི་རང་རྒྱལ་གྱི་སྲུང་ཕུབ་གཉིས་ལྡན་གྱིTBMཕུག་ལམ་སྔོག་འདོན་འཕྲུལ་ཆས་ཐོག་མ་དེས་ཉེ་ཆར་ཆིང་ཏའོ་ས་འོག་ལྕགས་ལམ་གྱི་ལམ་ཐིག་གཉིས་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཀའོ་ཞུང་བབས་ཚུགས་ནས་ཧའེ་ཨན་ལམ་བབས་ཚུགས་བར་གྱི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད། ཨར་སྐྲུན་ལས་འགན་ཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་ཚོགས་པའི་ཕུག་ལམ་སྤྱི་གཉེར་ཁང་གི་ལས་གཞིའི་སྤྱི་གཉེར་ཧྲི་ཧུང་ཀྲུང་གིས། སྔོག་འདོན་འཕྲུལ་ཆས་དེར་སྔོག་འདོན་བྱེད་སྟངས་རིགས་གསུམ་ཡོད་པས་ས་གཤིས་ཀྱི་ཆ་རྐྱེན་གཞིར་བཟུང་སྟབས་བསྟུན་ངང་འགྱུར་བ་དང་། ས་གཤིས་ཞན་པོ་སྔོག་འདོན་བྱེད་སྐབས་བདེ་འཇགས་དང་མྱུར་པོའི་ངང་སྔོག་འདོན་བྱེད་པར་མ་ཟད། ད་དུང་ས་འོག་ལྕགས་ལམ་གྱི་ཨར་སྐྲུན་ལས་གྲོང་ཁྱེར་གྱི་སྐྲུན་དངོས་དང་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོ་རིགས་ཆུང་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས།