ལིའུ་གོ་ཀྲུང་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔལ་འབྱོར་ས་ཁུལ་བརྟན་ཁྲོད་འཕར་ཐབས་བྱེད་སྟངས་ཀྱིས་ལས་ཀར་བརྟག་ཞིབ་འཇུག་དང་སྐུལ་ཁྲིད་གནང་།

ཡེ་མིང་གིས་བསྒྱུར།        2016-09-22

ཞིང་ཆེན་ཏང་ཨུས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་དང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཝང་མིང་ཧུའེ་རྣམ་གཉིས་ཀྱིས་ལས་སྒྲུབ་རུ་ཁག་ཁྲིད་ནས་སི་ཁྲོན་ནུབ་བྱང་རྒྱུད་དུ་ཕེབས་ཏེ་སྐྱེ་ཁམས་དཔལ་འབྱོར་ས་ཁུལ་བརྟན་ཁྲོད་འཕར་ཐབས་བྱེད་སྟངས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།
སྤྱི་ཟླ9པའི་ཚེས3ཉིན་ནས་འགོ་བཙུགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཁག་བགོས་ནས་རང་ཁུལ་དང་རྔ་བ་ཁུལ་དུ་ཕེབས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། རང་ཁུལ་དུ་ལིའུ་གོ་ཀྲུང་གིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཡུལ་དང་དར་མདོ་གྲོང་ཁྱེར་ཆ་ལང་ཤང་ར་རྫི་གྲོང་སྡེ། གུར་དྲག་གྲོང་རྡལ་ཚེར་མ་ཐང་ཆུ་གློག་ས་ཚུགས། ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེ་བཅས་སུ་ཕེབས་ནས་གཙོ་གནད་ལས་གྲྭར་སྐུལ་འདེད་གཏོང་ཚུལ་དང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར། ཞིང་ལས་ཐོན་ལས་སོགས་འཕེལ་རྒྱས་གཏོང་ཚུལ་ཐད་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།
སྤྱི་ཟླ9པའི་ཚེས13ཉིན་འཚོགས་པའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔལ་འབྱོར་ས་ཁུལ་བརྟན་ཁྲོད་འཕར་ཐབས་བྱེད་སྟངས་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག   ལིའུ་གོ་ཀྲུང་གིས་སྙན་སེང་དང་གྲོས་འགོ་བསམ་འཆར་ལ་གསན་འཇོག་ནན་ཏན་གནང་རྗེས། རང་ཁུལ་དང་རྔ་བ་ཁུལ་གྱི་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བའི་དུས་མཚུངས་སུ་གནས་པའི་གནད་དོན་མཛུབ་སྟོན་གནང་བ་རེད། ཁོང་གིས་ཁུལ་དང་རྫོང་གི་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དམིགས་ཡུལ་བསྟན་ཕྱོགས་དང་གནད་དོན་བསྟན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གནས་བབ་ལ་ངོས་འཛིན་གསལ་པོ་དང་ཡིད་ཆེས་བརྟན་པོ། བརྩོན་ཤུགས་སྲུང་འཛིན་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱ་དགོས། ནུས་ཤུགས་ཡོད་རྒུས་ད་ལོའི་བརྟན་ཁྲོད་འཕར་ཐབས་བྱེད་པར་སྲིད་གཞུང་གི་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱ་རྒྱུ་དང་། བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་བྱ་དགོས། ཕན་ཆ་ཡོད་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་སྐོར་ལས་རིགས་འཕར་སྣོན་ལ་སྐུལ་སྤེལ་གཏོང་བ་དང་གལ་ཆེ་བའི་ལས་གཞི་ཇེ་མགྱོགས་སུ་བསྐྲུན་དགོས་ཞེས་ཐུགས་རེ་གནང་བ་རེད།
ལིའུ་གོ་ཀྲུང་གིས་གསུངས་དོན། བོད་ཁུལ་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེ་བའི་ཆབ་སྲིད་ལས་འགན་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱ་དགོས། བཅའ་ཁྲིམས་ལྟར་དགོན་པ་དོ་དམ་བྱ་རྒྱུ་སོགས་ཀྱི་གལ་ཆེ་བའི་ལས་འགན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་བརྟན་བརླིང་ཡོང་བར་འགན་སྲུང་བྱ་དགོས།
ལིའུ་གོ་ཀྲུང་གིས་ནན་གསུང་གནང་དོན། བོད་ཁུལ་གྱི་ཁྱད་དུ་འཕགས་པའི་ཐོན་ཁུངས་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ་ཚན་རིག་དང་མཐུན་པར་ཐོན་ལས་ཀྱི་ལས་གཞི་འཆར་འགོད་བྱས་པར་བརྟེན། ཁེ་ལས་དང་ཚོགས་པ་ཆེན་པོ་ནང་འདྲེན་བྱས་ཏེ་ཡུལ་སྐོར་ལས་རིགས་རིམ་སྤར་ཡོང་བར་སྐུལ་སྤེལ་གཏང་དགོས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་རང་འགན་རང་སྒྲུབ་དང་།སེམས་ཤུགས་གཅིག་སྒྲིམ་བྱས་ཏེ་མང་ཚོགས་ཡི་རང་བའི་གྲུབ་འབྲས་བསྐྲུན་གང་ཐུབ་བྱ་དགོས།།

  • ལེ་ཚན་སྔོན་མ།:《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས༢༠༡༦ལོའི་དངོས་མང་སྟོན་ཚོགས་ནང་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།