《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་བྱས།

    མི་དམངས་དྲ་བ།    2016-09-21

《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་བྱས།

      ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི་《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》ཀྱི་བམ་པོ་དང་པོ་དང་གཉིས་པ། གསུམ་པ་བཅས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་པས། ཟླ་བ9པའི་ཚེས20ཉིན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་བྱས།

         བློ་མཐུན་ཧུའུ་ཅིན་ཐའོ་ནི་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཡིན་ཞིང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་སྲོལ་གཏོད་མཁན་གཙོ་བོ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ལ་སློབ་སྟོན་གནང་བའི་བསམ་བློའི་དྲག་ཆས་སྟོབས་ལྡན་བཅས་ཡིན་པས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློ་རེད་ཅེས་ནན་བཤད་བྱས་པ་རེད།

《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་བྱས།

       2013ལོའི་ཟླ་བ7པར་ཏང་ཀྲུང་དབྱང་གིས《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》རྩོམ་སྒྲིག་དཔེ་སྐྲུན་བྱ་རྒྱུའི་གལ་ཆེའི་གཏན་འབེབས་གནང་བ་རེད། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་རེད། །
  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས༼ ཀྲུང་གོའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་འགན་སྲུང་ཐད་ཀྱི་གོང་འཕེལ་གསར་པའི༽ དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ལིའུ་གོ་ཀྲུང་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔལ་འབྱོར་ས་ཁུལ་བརྟན་ཁྲོད་འཕར་ཐབས་བྱེད་སྟངས་ཀྱིས་ལས་ཀར་བརྟག་ཞིབ་འཇུག་དང་སྐུལ་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།