རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས༢༠༡༦ལོའི་དངོས་མང་སྟོན་ཚོགས་ནང་འགྲེམས་སྟོན་བྱས།
བདེ་སྐྱིད་ཀྱིས་བསྒྱུར། 2016-09-22
ཟླ་བ9པའི་ཚེས9ནས11ཉིན་བར། ཀོང་ཏུང་ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི2016ལོའི་ཀོང་ཏུང་རྒྱལ་སྤྱིའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་དེ་ཀོང་ཀྲོའུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འགྲེམས་སྟོན་ཁང་དུ་འཛུགས་གཉེར་བྱས་པ་རེད།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཀྱི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་།ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས། གནས་མཆོག་དཀར་མཛེས་ཀྱི་གྲགས་ཅན་ཡུལ་སྐོར་མཚོན་རྟགས་ཀྱི་རིམ་པ་སྤར་ནས་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྔོན་དུ་དྲིལ་བསྒྲགས་དང་དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་གཏང་ཆེད། ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་དང་འདབ་པ་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས། མི་རྒོད་མཚོ་ལྗོངས་ཁུལ། དར་མདོའི་མི་ཉག་གནས་མཆོག་ལྗོངས་ཁུལ། རོང་བྲག་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་ཅུས། དར་མདོའི་གནམ་གྲུ་ཐང་སྤྱི་གཉེར་ཁང་། དཀར་མཛེས་ཁུལ་དར་མདོའི་ཡུལ་སྐོར་དྲྭ་རྒྱ་ཚན་རྩལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་བཅས་ཁུལ་ནང་གི་གཙོ་གནད་ཡུལ་སྐོར་སྲིད་འཛིན་ཁེ་ལས་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་ཀོང་ཀྲོའུ་ཡི་དངོས་མང་སྟོན་ཚོགས་ནང་ཞུགས་ཡོད་པ་རེད།
ཐེངས་འདིའི་དངོས་མང་སྟོན་ཚོགས་ནང་ཕྱོགས་ཡོངས་ནས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་སྣང་བརྙན་མངོན་སྟོན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོང་པ་དང་། འཕྲིན་སྦྱོར། ཡུལ་སྐོར་ཡོང་མཁན་གྲོགས་པོ་དེ་བས་མང་པོས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་མཚོན་རྟགས་ལ་སྔར་བས་ཤེས་རྟོགས་བྱུང་བར་བརྟེན། གནས་མཆོག་དཀར་མཛེས་ཁུལ་གྱི་ཡུལ་སྐོར་མཚོན་རྟགས་ཀྱི་ཤུགས་རྐྱེན་ཇེ་དྲག་ཏུ་ཕྱིན་པ་དང་ཀྲུའུ་ཅང་ཟུར་གསུམ་ཁུལ་གྱི་མགྲོན་པ་ཡོང་ཁུངས་ཀྱི་ཁྲོམ་རར་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད་པ་རེད།།