མཚོ་སྔོན་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས《གེ་སར》དེབ་ཚོགས་བསྡུ་སྒྲིག་པར་སྐྲུན་བྱས།

        2016-09-14

《གེ་སར།》ནི་གནའ་བོའི་མཚོ་སྔོན་དང་སི་ཁྲོན་མཐོ་སྒང་གི་སྤྱི་ཚོགས་ལོ་རྒྱུས་དང་། སྲིད་ཁྲིམས་དམག་དོན། ཆོས་ལུགས་དད་མོས། དམངས་སྲོལ་དམངས་འཚོ། སྐད་ཡིག་རྩོམ་རིག་དང་མི་རིགས་བརྗེ་རེས་སོགས་བསམ་བློའི་ནང་དོན་ཕུན་སུམ་ཚོགས་བའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཤེས་བྱ་ཀུན་བཏུས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ཕུན་སུམ་ཚོགས་པའི་མི་དམངས་རང་བཞིན་གྱི་བསམ་བློ་དང་ཤུགས་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་ཚེ་སྲོག་གི་ནུས་ཤུགས་བརྟེན། བོད་ཁུལ་དུ་རྒྱུན་འཛིན་དང་དར་སྤེལ་བཏང་། དུས་ད་ལྟའི་བར། སྔར་བཞིན་གསོན་ཤུགས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའི་རྒྱ་ཆེའི་བོད་རིགས་དམངས་ཁྲོད་དུ་དར་ཞིང་རྒྱུས་བཞིན་འདུག 
        མཚོ་སྔོན་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མགོ་ལོག་ཁུལ《གེ་སར།》སྒྱུ་རྩལ་པ་ལ་རྒྱུས་ལོན་དང་ཕྱོགས་བསྡོམས་བྱེད་པའི་དུས་མཚུངས་སུ། འབྲོག་ཁུལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་ཀ་གཏིང་ཟབ་ཏུ་སྤེལ། ལས་བྱེད་མི་སྣ་དང་སྒྱུ་རྩལ་པ་དག་གི་ཐུན་མོང་འབད་བརྩོན་བརྒྱུད་ལག་བྲིས་མ་དང་ཤིང་བརྐོས་མ། རྡོ་བརྐོས་མ་སོགས་འཚོལ་སྡུད་གང་ལེགས་བྱས་ཤིང་མུ་མཐུད་དུ་རྒྱ་བསྐྱེད་དང་འཐུས་ཚང་དུ་བཏང་བར་མ་ཟད། སྒྱུ་རྩལ་པའི་སྒྲུང་བཤད་ཀྱི་དཔེ་དེབ་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་བཅས་མིག་སྔའི་མྱུར་སྐྱོབ་ལས་ཀའི་ལས་འགན་གཙོ་བོ་བྱས།
        2013ལོ་ནས་2016ལོའི་བར་བསྡོམས་པས་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་པོད་བརྒྱད་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་པ། ཚིག་གསོན་ཉམས་ལྡན་ཞིང་གོ་སླ་བ། གཏམ་རྒྱུད་ཀྱི་བྱུང་རིམ་ཀྱག་ཀྱོག་དང་མི་སྣའི་སྣང་བརྙན་གསར་བཞེངས་བྱས་པ་གསོན་ཉམས་ལྡན་པ། རྩོམ་རིག་གི་ཡིད་དབང་འགུགས་ཤུགས་དང་སེམས་འགུལ་ཐེབས་ཤུགས་ཅུང་ཆེ་བར་མ་ཟད་རྩོམ་རིག་རིན་ཐང་དང་རིག་གཞུང་གི་རིན་ཐང་ལྡན་པས། ཞིབ་འཇུག་ལས་ཀར་སྐུལ་སྤེལ་གྱི་ནུས་པ་ལྡན་ངེས། །

  • ལེ་ཚན་སྔོན་མ།:གཟི་ཚ་སྡེ་དགུ་ཡིས“ཀྲུང་ཧྭའི་དགེ་སྒྲུབ་ཉིན་མོ”ཞེས་པའི་བྱེད་སྒོ་ཐོག་མ་སྤེལ།
  • ལེ་ཚན་རྗེས་མ།:ཡུན་ནན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་འཆར་གཞི་ལག་ལེན་བསྟར་བ།
  • དོ་སྣང་ཆེ་བའི་རྩོམ།