གཟི་ཚ་སྡེ་དགུ་ཡིས“ཀྲུང་ཧྭའི་དགེ་སྒྲུབ་ཉིན་མོ”ཞེས་པའི་བྱེད་སྒོ་ཐོག་མ་སྤེལ།
སི་ཁྲོན་གསར་འགྱུར་དྲ་བ། 2016-09-14
མིག་སྔར། གཟི་ཚ་སྡེ་དགུ་རྫོང་གིས“ཁྲིམས་ལྟར་དགེ་བ་བསྒྲུབས་ཏེ་དབུལ་སེལ་ལ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་དུ་བཟུང་ནས《དགེ་སེམས་ཀྱི་ཁྲིམས》དང་དགེ་སྒྲུབ་འོས་འགན་སྨན་བཅོས་པའི་བྱེད་སྒོ་སྤེལ། ཤེས་རྟོགས་བྱུང་པར་ལྟར་ན། ཐེངས་འདིའི་བྱེད་སྒོ་ཁྲོད་དྲིལ་བསྒྲགས་ཡིག་ཆ1000འགྲེམ་སྤེལ་བྱས་པ་དང་རིན་མེད་སྒོས་མི་ཐེངས་300ལྷག་ལ་འོས་འགན་སྨན་བཅོས་གནང་བར་མ་ཟད། རྒྱུན་མཐུད་དགེ་སྒྲུབ་ལ་མི་300ལྷག་གི་མིང་རྟགས་བཀོད།།