རང་ཁུལ་གྱི་གཙོ་གནད་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར7.17ལེགས་འགྲུབ་བྱུང་།
བདེ་སྐྱིད་ཀྱིས་བསྒྱུར། 2016-09-20
ཉེ་ཆར། སྨྱུག་འཛིན་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི་གཙོ་གནད་ཡུལ་སྐོར་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར7.17ལེགས་འགྲུབ་བྱུང་ཡོད་པ་རེད།
ད་ལོར་ཁུལ་ཡོངས་སུ་གཙོ་གནད་འཛུགས་སྐྲུན་ལས་གཞི25ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར46.15གཏོང་འཇོག་བྱ་རྒྱུའི་ནང་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར11.75ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡིན་པ་རེད། ཟླ་བ8པའི་ཟླ་མཇུག་བར་དུ་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར7.17ལེགས་འགྲུབ་བྱུང་ནས་འཆར་གཞི་ལས་བརྒྱ་ཆ60.77གྲུབ་ཡོད་པ་རེད། ཁུལ་ཡོངས་ཀྱི་རྒྱལ་སྲུང་གཞུང་ལམ9དང་ཞིང་ཆེན་རིམ་པའི་གཞུང་ལམ་གཅིག་བརྒྱུད་ཡུལ་གྱི་ཤང་དང་གྲོང་རྡལ165ཡི་ཡུལ་སྐོར་མཚོན་རྟགས་བྱང་བུའི་ལས་གཞིའི་འཆར་འགོད་གྲུབ་ནས་སྲིད་གཞུང་གིས་གཅིག་གྱུར་གྱིས་ཇུས་འགོད་དང་བཟོ་སྐྲུན། སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་རེད།།