རང་རྒྱལ་གྱི་འདེད་ཤུགས་ཆེ་ཤོས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་ལྔ་པའི་རྟགས་ཅན་ལོ་མཇུག་ཏུ་འཕེན་རྒྱུ་ཡིན་པ།

        2016-09-21

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།      ཉེ་ཆར་གསར་འགོད་པས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར།    རང་རྒྱལ་གྱི་འདེད་ཤུགས་ཆེ་ཤོས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གསར་པ་སྟེ།     རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་ཞིབ་བཟོའི་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་ཡོད།    ཟླ8ཚེས26ཉིན་མེ་ཤུགས་འཕུར་མདའ་དེ་བླུགས་པའི་རྒྱང་མཐོང་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་དབོར་འདྲེན་གྲུ་གཟིངས་ཐེན་ཅིན་གྲུ་ཁ་ནས་ཐོན་ཏེ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་གནས་སུ་བསྐྱོད་པ་རེད།     ལས་གྲྭ་དེའི་འཆར་གཞི་གཞིར་བཟུང་།    རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་འཕུར་སྐྱོད་ལས་འགན་ཐོག་མ་དེ་ལོ་མཇུག་གོང་ལག་བསྟར་བྱ་རྒྱུ་རེད།
རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་ནི་མིག་སྔའི་རང་རྒྱལ་གྱི་སྐྱེལ་འདྲེན་ནུས་པ་ཆེ་ཤོས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གསར་པ་ཞིག་ཡིན་པ་དེར་འཆར་འགོད་གསར་ཤོས་བྱས་པའི་མདའ་གཟུགས་གྲུབ་ཆ་དང་།    སྒུལ་ཤུགས།   གློག་ཤུགས་བཅས་དང་འཕེན་གཏོང་རྒྱབ་སྐྱོར་གྱི་མ་ལག་སྤྱད་པར་མ་ཟད།    དུག་མེད་པ་དང་སྦགས་བཙོག་མེད་པའི་གཤེར་གཟུགས་དབྱང་དང་ཆིང་དང་།     གཤེར་གཟུགས་དབྱང་གི་ས་སྣུམ་འདེད་ཤུགས་དངོས་པོར་སྤྱད་ཡོད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གཙོ་གནད་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར7.17ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:སུམ་རྩེན་ཨང་གཉིས་པ་ཟླ་མཆོད་དུས་ཆེན་གྱི་མཚན་མོར་བདེ་བླག་ངང་འཕེན་གཡོང་བྱས།
  • དོ་སྣང་ཆེ་བའི་རྩོམ།